མགོ་མ་ལེའུ་བཅུ་གཅིག་པ།

1 ད་ས་གཞི་གང་པོ་ལ་སྐད་གཅིག་དང་སྐད་ཆ་གཅིག་ཁ་རྐྱང་ཡོད་མཁན། 2 མི་ཡ་ཤར་ཕྱོགས་ལས་འགྲུལ་ཏེ་འགྲོ་བ་དང་(འགྲོ་མཁན་སྒང་ལ་)ཤིན་ཨར་ཡུལ་ལ་ཡོད་མཁན་གྱི་ཐང་ཀ་ཞིག་ཐོབ་སྟེ་འོ་ལ་རང་སྡོད་ཅེས་འཛུགས་ཟིན།།
3 དེ་ནས་གཅིག་གིས་གཅིག་ལ། (དེ་ནས་ཁོང་གིས་ཁོང་རང་གི་ནང་ལ།) ད་འོ་རང་གིས་ས་ཕག་བཟོས་ཏེ་མེ་ལ་སྲེག་དོང་། སྨྲས་ཏེ། རྡོའི་ཚབ་ལ་ས་ཕག་བཟོས་ཏེ་འདག་པའི་ཚབ་ལ་བྲག་ཞུན་ལེན་ཟིན། 4 དེ་ནས་འོ་ཡ་གིས། ད་གྲོང་ཁྱེར་ཞིག་དང་ནམ་མཁའ་ལ་སླེབ་མཁན་གྱི་ཁྱིམ་ཞིག་བཟོ་དོང་། འོ་ཅོག་འདྲ་བྱས་ཏེ་(འོ་འདྲ་བྱས་ཏེ་)འོ་རང་གི་མིང་གྲགས་འདོན་མཁན་ཡིན། (འོ་རང་གི་མིང་ཆེན་མོ་འགྲོ་མཁན་ཡིན།) གཞན། འོ་རང་ས་གཞི་གང་པོའི་ངོས་ལ་རང་རྦད་འཐོར་ཁ་འཐོར་འགྲོ་མཁན་ཡིན། སྨྲས་ཏེ། མི་ཡ་གིས།།
5 འོའི་དུས་ཚོད་ལ་ཡ་ཝྰེས་མིའི་བུ་ཡ་གིས་བཟོས་པའི་གྲོང་ཁྱེར་དང་ཁྱིམ་ལ་ལྟ་ཅེས་ལ་(ལྟ་ཅེས་ཀྱི་ཆེད་དུ་)འབབ་ཟིན། 6 དེ་ནས་ཡ་ཝྰེས། ལྟོས་དང་། མི་ཡ་གི་སེམས་གཅིག་རང་འགྲོ་ཟིན་ཏེ་ཡོད། སྐད་ཀྱང་གཅིག་རང་སྨྲ་མཁན། འོ་འདྲའི་ལས་ཀ་བྱེད་ན་(བྱས་ན་)ད་ནས་འཛུགས་ལ་ཁོང་གིས་བསམ་བློ་བཏང་བའི་ལས་ཀ་གང་པོ་བྱེད་ཁུག་མཁན། 7 འོ་ཡ་གཅིག་གིས་གཅིག་གི་སྐད་ལ་མི་ཤེས་ཅེས་ལ་(མི་ཤེས་ཅེས་ཀྱི་ཆེད་དུ་)ངེད་རང་བབས་ཏེ་འོ་ཡ་གི་སྐད་འཛོལ་དོང་། སྨྲས་ཏེ། ཡ་ཝྰེས། 8 འོ་འདྲ་བྱས་ཏེ་ཡ་ཝྰེས་ཁོང་ལ་ས་གཞི་གང་པོའི་ངོས་ལ་རྦད་འཐོར་ཁ་འཐོར་གཏོང་རྫོང་ཟིན། དེ་ནས་ཁོང་གིས་འོ་གྲོང་ཁྱེར་བཟོ་ཅེས་གློད་གཏོང་ཟིན།།
9 འོ་སོང་བས་འོ་ས་ཆ་དེ་གི་མིང་ལ་བྰ་བེལ་སྨྲས་ཏེ་འདོགས་ཟིན། ༼བྰ་བེལ་སྨྲ་མཁན་དེ་ཨིབ་རི་པའི་སྐད་ལ་མགོ་འཐོམས་པ་སྨྲས་པ་ཡིན་པ།༽ ཅི་ལས་སྨྲ་ན་ཡ་ཝྰེས་འོ་ས་ཆ་ལ་རང་ས་གཞི་གང་པོའི་སྐད་འཛོལ་ཟིན། ཡ་ཝྰེས་ཁོང་ལ་འོ་ས་ཆ་ལས་ས་གཞི་གང་པོ་ལ་རང་རྦད་འཐོར་ཁ་འཐོར་གཏོང་བརྫངས་པ་ཡིན་མཁན།།
10 ཤེམ་གྱི་རིགས་རྒྱུད་ནི་(བརྒྱུད་པ་ནི་)འདི་ཅོག་འདྲ་ཡིན་མཁན། ཤེམ་གྱི་ལོ་བརྒྱ་སླེབ་པའི་སྒང་ནས་ཆུ་ལོག་བརྒྱབ་པའི་ལོ་གཉིས་ཀྱི་རྗེས་ལ་ཨར་པག་ཤད་སྐྱེ་ཟིན། 11 ཨར་པག་ཤད་སྐྱེས་སྐྱེས་པ་ལ་ཤེམ་ལོ་ལྔ་བརྒྱ་ཐུག་སྡོད་ཟིན། ཁོ་དེ་བུ་བུ་མོ་གཞན་དག་ཀྱང་སྐྱེ་ཟིན།
12 ཨར་པག་ཤད་ཀྱི་ལོ་སུམ་ཅུ་སོ་ལྔ་སླེབ་པའི་སྒང་ནས་ཤེ་ལྰ་སྐྱེ་ཟིན། 13 ཤེ་ལྰ་སྐྱེས་སྐྱེས་པ་ལ་ཨར་པག་ཤད་ལོ་བཞི་བརྒྱ་དང་གསུམ་ཐུག་སྡོད་ཟིན། ཁོ་དེ་བུ་བུ་མོ་གཞན་དག་ཀྱང་སྐྱེ་ཟིན།།
14 ཤེ་ལྰའི་ལོ་སུམ་ཅུ་སླེབ་པའི་སྒང་ནས་ཨེ་བེར་སྐྱེ་ཟིན། 15 ཨེ་བེར་སྐྱེས་སྐྱེས་པ་ལ་ཤེ་ལྰ་ལོ་བཞི་བརྒྱ་དང་གསུམ་ཐུག་སྡོད་ཟིན། ཁོ་དེ་བུ་བུ་མོ་གཞན་དག་ཀྱང་སྐྱེ་ཟིན།།
16 ཨ་བེར་གྱི་ལོ་སུམ་ཅུ་སོ་བཞི་སླེབ་པའི་སྒང་ནས་ཕེ་ལེག་སྐྱེ་ཟིན། 17 ཕེ་ལེག་སྐྱེས་སྐྱེས་པ་ལ་ཨེ་བེར་ལོ་བཞི་བརྒྱ་དང་སུམ་ཅུ་ཐུག་སྡོད་ཟིན། ཁོ་དེ་བུ་བུ་མོ་གཞན་དག་ཀྱང་སྐྱེ་ཟིན།།
18 ཕེ་ལེག་གི་ལོ་སུམ་ཅུ་སླེབ་པའི་སྒང་ནས་རེ་གུ་སྐྱེ་ཟིན། 19 རེ་གུ་སྐྱེས་སྐྱེས་པ་ལ་ཕེ་ལེག་ལོ་ཉིས་བརྒྱ་དང་དགུ་ཐུག་སྡོད་ཟིན། ཁོ་དེ་བུ་བུ་མོ་གཞན་དག་ཀྱང་སྐྱེ་ཟིན།།
20 རེ་གུའི་ལོ་སུམ་ཅུ་སོ་གཉིས་སླེབ་པའི་སྒང་ནས་སེ་རུག་སྐྱེ་ཟིན། 21 སེ་རུག་སྐྱེས་སྐྱེས་པ་ལ་རེ་གུ་ལོ་ཉིས་བརྒྱ་དང་བདུན་ཐུག་སྡོད་ཟིན། ཁོ་དེ་བུ་བུ་མོ་གཞན་དག་ཀྱང་སྐྱེ་ཟིན།།
22 སེ་རུག་གི་ལོ་སུམ་ཅུ་སླེབ་པའི་སྒང་ནས་ནྰ་ཧོར་སྐྱེ་ཟིན། 23 ནྰ་ཧོར་སྐྱེས་སྐྱེས་པ་ལ་སེ་རུག་ལོ་ཉིས་བརྒྱ་ཐུག་སྡོད་ཟིན། ཁོ་དེ་བུ་བུ་མོ་གཞན་དག་ཀྱང་སྐྱེ་ཟིན།།
24 ནྰ་ཧོར་གྱི་ལོ་ཉི་ཤུ་རྩ་དགུ་སླེབ་པའི་སྒང་ནས་ཐ་རྰ་སྐྱེ་ཟིན། 25 ཐ་རྰ་སྐྱེས་སྐྱེས་པ་ལ་ནྰ་ཧོར་ལོ་བརྒྱ་དང་བཅུ་དགུ་ཐུག་སྡོད་ཟིན། ཁོ་དེ་བུ་བུ་མོ་གཞན་དག་ཀྱང་སྐྱེ་ཟིན། 26 ཐ་རྰའི་ལོ་བདུན་ཅུ་སླེབ་པའི་སྒང་ནས་ཨབ་རམ། ནྰ་ཧོར་དང་ཧྰ་རན་སྐྱེ་ཟིན།།
27 ཐ་རཱའི་རིགས་རྒྱུད་ཡ་ནི་(བརྒྱུད་པ་ཡ་ནི་)འདི་ཅོག་འདྲ་ཡིན་མཁན། ཐ་རྰའི་བུ་ཡ་ཨབ་རམ། ནྰ་ཧོར་དང་ཧྰ་རན་ཡིན་མཁན། ཧྰ་རན་གྱི་བུ་ལོད་ཡིན་མཁན། 28 དེ་ནས་ཧྰ་རན་ནི་རང་གི་ཨ་ཕ་ཐ་རྰ་གསོན་པོ་ཡོད་པའི་སྒང་ནས་ཀལ་དི་ས་གནས་ཀྱི་རང་གི་ཕ་ཡུལ་ཨུར་ལ་འཆི་ཟིན། ༼ཀལ་དི་ས་གནས་ནི་ལྷོ་ཕྱོགས་ཀྱི་མེ་སོ་པོ་ཐེམ་ཡྰ་ལ་ཡོད་མཁན།༽ 29 ཨབ་རམ་དང་ནྰ་ཧོར་གཉིས་ཀྱིས་ཆུང་མ་ཡ་ལེན་ཟིན། ཨབ་རམ་གྱི་ཆུང་མའི་མིང་སྰ་ར་ཡུ་ཡིན་མཁན། ནྰ་ཧོར་གྱི་ཆུང་མའི་མིང་མིལ་ཀ་ཡིན་མཁན། མིལ་ཀ་དང་ཡིས་ཀའི་ཨ་ཕ་ཧྰ་རན་ཡིན་མཁན། 30 སྰ་ར་ཡུ་མོ་ཤམ་(རབས་ཆད་མ་)ཡོད་མཁན། འོ་སོང་བས་མོ་དེ་བུ་བུ་མོ་ཡ་མེད་པ་ཡོད་མཁན།།
31 དེ་ནས་ཐ་རྰ་ཡིས་རང་གི་བུ་ཨབ་རམ། རང་གི་བུ་ཧྰ་རན་གྱི་བུ་ལོད་དང་རང་གི་བུ་ཨབ་རམ་གྱི་ཆུང་མ་སྰ་ར་ཡུ་སྨྲ་མཁན་གྱི་མནའ་མ་ལ་མཉམ་པོ་རང་ཁྲིད་དེ་ཀལ་དིའི་ཨུར་ལས་ཀ་ན་ཨན་ཡུལ་ལ་འགྲོ་ཅེས་ལ་འཐོན་ཟིན། ཡིན་ནས་ཁོང་ཧྰ་རན་སྨྲ་མཁན་གྱི་གྲོང་ཁྱེར་ལ་སླེབས་སླེབས་པ་ལ་འོ་ལ་རང་སྡོད་ཅེས་འཛུགས་ཟིན།།
32 ཐ་རྰ་ལོ་ཉིས་རྒྱབ་དང་ལྔ་ལ་སླེབས་པ་ཡོད་མཁན། དེ་ནས་ཁོ་ཧྰ་རན་ལ་འཆི་ཟིན།། །། (ཐ་རྰ་ལོ་ཉིས་བརྒྱ་དང་ལྔ་སླེབ་པ་དང་ཧྰ་རན་ལ་འཆི་ཟིན།། །།)