སྐུ་ཚབ་ཡ་གི་བྱ་བ་ལེའུ་བདུན་པ།

སི་ཏེ་ཕྰན་གྱིས་འགོ་པ་ཡ་ལ་བསླབས་པ།

༡ དེ་ནས་མཆོད་པ་འབུལ་མཁན་གྱི་ལེ་ཝི་ཆེ་བས་༼མཆོད་དཔོན་ཆེ་བས་༽སི་ཏེ་ཕྰན་ལ། འདི་ཁྱོད་ལ་སྐྱོན་བཏགས་པའི་སྐད་ཆ་བདེན་པ་རང་ཡིན་མཁན་ནམ། སྨྲས་ཏེ། ༢ དེ་ནས་སི་ཏེ་ཕྰན་གྱིས་གྲོས་མི་གང་པོ་ལ། 

ཨེ་ཨ་པོ་འོག་མ་(ཨ་ད་ནོ་)དང་རྒད་པོ་ཡ། ཉན་དོང་། འོ་རང་གི་མེས་མེས་ཡང་མེས་(འོ་རང་གི་གོང་མའི་མེས་མེས་)ཨབ་ར་ཧམ་ནི་ཧྰ་རན་སྨྲ་མཁན་གྱི་གྲོང་ཁྱེར་ལ་མ་ཕྱིན་པའི་སྔོན་ལ་(གྲོང་ཁྱེར་ལ་འགྲོ་མེད་སྒང་ནས་ ། གྲོང་ཁྱེར་ལ་འགྲོ་མཁན་སྨྲས་ཏེ་གདོང་ལ་)མེ་སོ་པོ་ཐེམ་ཡྰ་སྨྲ་མཁན་གྱི་ས་གནས་ལ་སྡོད་ཀོ་ཡོད་མཁན། གཟི་བརྗིས་ཆེན་མོའི་ཨལ་ལོ་ཧིམ་གྱིས་ཨབ་ར་ཧམ་ལ་འོ་ལ་རང་ཐོན་ཏེ་འོངས་ཏེ་(འོ་ལ་རང་མཇལ་ཁ་སྣང་སྟེ་) ༣ ཁོ་ལ། རང་གི་ཕ་ཡུལ་དང་སྤུན་ཀྱག་ཉེ་བ་ཡ་ལ་དབྱུགས་བཞག་སྟེ་(གློད་བཏང་སྟེ་)ངས་ཀྱིས་སྟོན་མཁན་གྱི་ལུང་པ་ལ་སོང་། སྨྲས་ཏེ། ཨལ་ལོ་ཧིམ་གྱིས། ༤ དེ་ནས་ཨབ་ར་ཧམ་མེ་སོ་པོ་ཐེམ་ཡྰ་ས་གནས་ལས་ཐོན་ཏེ་ཧྰ་རན་གྲོང་ཁྱེར་ལ་ཕྱིན་ཏེ་སྡོད་ཟིན། དེ་ནས་ཨབ་ར་ཧམ་གྱི་ཨ་ཕ་ཤི་ཤི་བ་ལ་(ཤི་སྟེ་ལས་ ། འཆི་ཟིན་ཏེ་)ཨལ་ལོ་ཧིམ་གྱིས་ཁོ་ལ་འོ་རང་ད་ལྟ་སྡོད་མཁན་གྱི་ལུང་པ་ལ་རྫོང་ཟིན། ༥ འོའི་དུས་ཚོད་ལ་(འོའི་སྒང་ལ་)ཨལ་ལོ་ཧིམ་གྱིས་ཨབ་ར་ཧམ་ལ་འདི་ལུང་པ་ལ་རྐང་པ་སྤོག་སའི་ས་ཆ་གཅིག་ཀྱང་བསྟེར་མེད། (མ་བསྟེར།) ཡིན་ནས་ཨལ་ལོ་ཧིམ་གྱིས་འདི་ལུང་པ་དེ་ཁོ་དང་ཁོའི་བརྒྱུད་པ་ལ་སྟེར་མཁན་སྨྲས་ཏེ་ཁས་ལེན་ཟིན། འོ་ཁས་ལེན་པ་འཇོག་མཁན་གྱི་དུས་ཚོད་ལ་(འཇོག་མཁན་སྒང་ལ་)ཨབ་ར་ཧམ་དེ་བུ་བུ་མོ་ཡང་མེད་པ། ༼འོའི་དུས་ཚོད་ལ་འོ་རང་གི་ལུང་པ་ལ་ཀ་ན་ཨན་ནི་བརྒྱུད་པའི་མི་ཡ་སྡོད་ཀོ་ཡོད་མཁན།༽ ༦ དེ་ནས་ཨལ་ལོ་ཧིམ་གྱིས་ཨབ་ར་ཧམ་ལ་འོ་འདྲ་བྱས་ཏེ་སྨྲ་ཟིན། ཁོའི་བརྒྱུད་པ་ཡུལ་གཞན་པ་ལ་འགྲོ་མཁན། འོ་ལ་ཡོད་པའི་མི་ཡ་གིས་ཁོང་ལ་གཡོག་པོ་བྱས་ཏེ་ལོ་བཞི་བརྒྱ་ཐུག་སྡུག་པོ་སྟེར་མཁན། ༧ དེ་ནས་ཁོང་ལ་གཡོག་པོ་བྱེད་མཁན་གྱི་མི་ཡ་ལ་ཡང་ངས་ཀྱིས་ཉེས་པ་འགེལ་ཅེས། དེ་ནས་ཁོའི་བརྒྱུད་པ་འོ་ལུང་པ་ལས་ཐོན་ཏེ་འདི་ལ་འོངས་ཏེ་ང་ལ་མཆོད་པར་བྱེད་དང་མོས་པར་བྱེད་མཁན། སྨྲས་ཏེ། ཨལ་ལོ་ཧིམ་གྱིས།། 

༨ དེ་ནས་ཨལ་ལོ་ཧིམ་གྱིས་ཨབ་ར་ཧམ་མཉམ་པོ་ཁ་ཆད་འཇོག་ཟིན། འོ་བཞག་པའི་ཁ་ཆད་དྲན་པ་གསོ་ཅེས་སྨྲས་ཏེ་གཟུགས་པོ་ལ་འདོམས་ལྤགས་ཆོད་སྨྲས་ཏེ་བཀའ་སྟེར་ཟིན། ༼འོ་ཁ་ཆད་ཀྱི་སྐོར་ལ་སྐུ་ཆབ་ཡ་གི་བྱ་བ་ལེའུ་གསུམ་པ་༢༥་ཀློག་དོང་།༽ རྗེས་མ་(འགབ་ལས་ ། ཞབས་ལས་)ཨབ་ར་ཧམ་གྱི་བུ་ཨི་སྰག་སྐྱེ་ཟིན། དེ་ནས་ཨབ་ར་ཧམ་གྱིས་རང་གི་བུ་ཨི་སྰག་གི་སྐྱེས་པའི་ཉི་མ་བརྒྱད་ལ་འོ་ཡ་ཧུ་དྰ་པའི་འདོམས་ལྤགས་གཅོད་པ་དེ་སྟེར་ཟིན། དེ་ནས་ཨི་སྰག་གིས་ཀྱང་རང་གི་བུ་ཡ་ཀོབ་ལ། དེ་ནས་ཡ་ཀོབ་ཀྱིས་ཀྱང་རང་གི་བུ་བཅུ་གཉིས་ལ་འོ་ཅོག་འདྲ་བྱས་ཏེ་འདོམས་ལྤགས་བཅད་སྟེར་ཟིན། ཡ་ཀོབ་ཀྱི་བུ་བཅུ་གཉིས་དེ་འོ་རང་བརྒྱུད་པ་བཅུ་གཉིས་ཀྱི་མེས་མེས་ཡང་མེས་ཡ་ཡིན་མཁན།།

༩ རྗེས་མ་(འགབ་ལས་ ། ཞབས་ལས་)ཡ་ཀོབ་ཀྱི་བུ་ཡོ་སེབ་ལ་ཨ་པོ་འོག་མ་གཞན་པ་ཡ་གིས་ཕྲག་དོག་བྱས་ཏེ་ཁོ་ལ་མི་སེར་རྒྱལ་ཁབ་ཀྱི་མི་ཡ་ལ་འཚོང་ཟིན། དེ་ནས་ཁོ་འོ་ལ་གཡོག་པོ་བྱེད་དགོས་ཟིན། ཡིན་ནས་ཨལ་ལོ་ཧིམ་ཡོ་སེབ་མཉམ་པོ་ཡོད་མཁན། ༡༠ ཨལ་ལོ་ཧིམ་གྱིས་ཡོ་སེབ་ལ་སྡུག་པོ་ལས་ཐར་བཅུག་སྟེ་མི་སེར་རྒྱལ་པོ་ཕྰར་ཨོལ་གྱི་མདུན་ལ་ཁོ་ལ་སྙིང་རྗེ་དང་རིག་པ་སྟེར་ཟིན། དེ་ནས་མི་སེར་རྒྱལ་པོ་ཕྰར་ཨོལ་གྱིས་ཡོ་སེབ་ཀྱི་རིག་པ་ཡག་པོ་མཐོང་སྟེ་ཁོ་ལ་སྐད་བརྒྱབ་སྟེ་མི་སེར་རྒྱལ་ཁབ་ཀྱི་རྒྱལ་ཁྲིམས་བྱེད་མཁན་གྱི་དཔོན་མོ་(བཀའ་བློན་)བཟོ་ཟིན། རྒྱལ་ཁང་ལ་ཡང་ཡོ་སེབ་ཀྱིས་སྐད་པ་གཏོང་ཟིན། ༼རྗེས་མ་(འགབ་ལས་ ། ཞབས་ལས་)མུ་གེ་འོང་མཁན་སྨྲས་ཏེ་ཨལ་ལོ་ཧིམ་གྱིས་ཡོ་སེབ་ལ་ངོ་ཤེས་བཅུག་པ་སོང་བས་ཁོས་ཀྱིས་འབྲུ་རུབ་བྱས་ཏེ་འཇོག་ཟིན།༽ ༡༡ དེ་ནས་མི་སེར་རྒྱལ་ཁབ་དང་ཀ་ན་ཨན་ཡུལ་ལ་མུ་གེ་བརྒྱབ་སྟེ་མི་གང་པོས་སྡུག་པོ་ཆེན་མོ་མྱོང་ཟིན། འོ་རང་གི་མེས་མེས་ཡང་མེས་ཡ་ལ་འབྲུ་མ་འབྱོར། ༡༢ དེ་ནས་མི་སེར་རྒྱལ་ཁབ་ལ་འབྲུ་ཡོད་པ་སྨྲ་མཁན་གྱི་སྐད་ཆ་ཐོས་ཏེ་(ཡོད་པ་སྨྲ་མཁན་ཐོས་ཏེ་ ། ཡོད་མཁན་སྨྲས་ཏེ་སྐད་ཆ་ཐོས་ཏེ་)ཡ་ཀོབ་ཀྱིས་ཁོའི་བུ་ཡ་ལ་༼འོ་རང་གི་མེས་མེས་ཡང་མེས་ཡ་ལ་༽འོ་རྒྱལ་ཁབ་ལ་རྫོང་ཟིན། ༡༣ དེ་ནས་ཁོང་ཐེངས་གཉིས་པ་འབྲུ་ཉོ་འགྲོ་བ་དང་(འབྲུ་ཉོ་འགྲོ་མཁན་སྒང་ལ་)ཡོ་སེབ་ཀྱིས་རང་ལ་རང་གི་ཨ་པོ་འོག་མ་ཡ་ལ་ངོ་ཤེས་འཇུག་ཟིན། (ཡོ་སེབ་ཀྱིས་རང་གི་ཨ་པོ་འོག་མ་ཡ་ལ་ཁོ་སུ་ཡིན་མཁན་སྨྲས་ཏེ་ངོ་ཤེས་འཇུག་ཟིན།) འོའི་དུས་ཚོད་ལ་རང་(འོའི་སྒང་ལ་རང་)རྒྱལ་པོ་ཕྰར་ཨོལ་གྱིས་ཡོ་སེབ་ཀྱི་སྤུན་ཀྱག་ཡ་ནུག་པ་སྨྲས་ཏེ་རྒྱུས་འབྱོར་ཟིན། ༡༤ དེ་ནས་ཡོ་སེབ་ཀྱིས་རང་གི་ཨ་ཕ་ཡ་ཀོབ་དང་ནང་མི་གང་པོ་ལ་མི་སེར་རྒྱལ་ཁབ་ལ་ཤོག་སྨྲས་ཏེ་ལོན་གཏོང་ཟིན། ༡༥ འོ་སོང་བས་ཡ་ཀོབ་ཀྱིས་རང་གི་ནང་མི་བདུན་ཅུ་དོན་ལྔ་༼ཁལ་གསུམ་དང་བཅོ་ལྔ་༽ཁྱེར་ཏེ་མི་སེར་རྒྱལ་ཁབ་ལ་འགྲོ་ཟིན། དེ་ནས་ཡ་ཀོབ་དང་འོ་རང་གི་བརྒྱུད་པ་བཅུ་གཉིས་ཀྱི་མེས་མེས་ཡང་མེས་ཡ་འོ་ལ་རང་བསྡད་དེ་འཆི་ཟིན། ༡༦ སྔན་མ་ཀ་ན་ཨན་ཡུལ་གི་སི་ཀེམ་སྨྲ་མཁན་གྱི་ས་ཆ་ལ་ཨབ་ར་ཧམ་གྱིས་ཧ་མོར་སྨྲ་མཁན་གྱི་མི་ལས་རོ་བདོག་མཁན་གྱི་ཕུག་པ་ཉོས་བཞག་སྟེ། (ཉོས་བཞག་སྟེ་ཡོད་མཁན།) འོ་རང་གི་མེས་མེས་ཡང་མེས་ཀྱི་རོ་ཡ་འོ་ལ་ཁྱེར་ཏེ་བདོག་ཟིན།།

༡༧ དེ་ནས་ཨལ་ལོ་ཧིམ་གྱིས་ཨབ་ར་ཧམ་ལ་བཞག་པའི་ཁས་ལེན་པའི་འགྲུབ་ཅེས་ཀྱི་དུས་ཚོད་སླེབ་ཅེས་བྱེད་ཟིན་པ་དང་ཡིས་ར་ཨལ་པ་ཡ་མི་སེར་རྒྱལ་ཁབ་ལ་མང་འགྲོ་མང་འགྲོ་ཕེལ་ཏེ་འགྲོ་ཟིན། (ཕེལ་ཏེ་འགྲོ་འོ་ཡོད་མཁན།) ༡༨ དེ་ནས་ཡོ་སེབ་ལ་ངོ་མི་ཤེས་མཁན་གྱི་རྒྱལ་པོ་གཅིག་མི་སེར་རྒྱལ་ཁབ་ལ་རྒྱལ་པོ་བྱེད་ཅེས་ལ་འོང་ཟིན། ༡༩ འདི་རྒྱལ་པོས་འོ་རང་གི་མེས་མེས་ཡང་མེས་ཡ་ལ་རྫུན་བཤད་དེ་སྡུག་པོ་མང་མོ་སྟེར་ཟིན། སྙིང་མ་རྗེ་བར་བྱས་ཏེ་ཁོས་ཀྱིས་ཁོང་ལ་བུ་ཚ་ཡ་ལ་སྐྱེ་ལོང་མེད་པ་རང་ཁྱིམ་གྱི་ཕྱི་ལོགས་ལ་དབྱུགས་ཞོག་སྨྲས་ཏེ་སྐུལ་ཟིན། ༼འདི་རྒྱལ་པོས་ཡིས་ར་ཨལ་པ་ཡ་གི་ཆེན་མོའི་མི་འབོར་ལ་འཇིགས་པས་ཡིས་ར་ཨལ་གྱི་བརྒྱུད་པ་སྟོངས་འཇུག་ཅེས་སྨྲས་ཏེ་འོ་འདྲ་བྱེད་ཟིན།༽ ༢༠ འོ་ཙམ་དུས་ཚོད་ལ་མོ་ཤེ་སྐྱེ་ཟིན། ཨལ་ལོ་ཧིམ་གྱིས་ཁོ་ལ་སྙིང་རྗེ་མཐོང་ཟིན། ཨ་ཕ་ཨ་མས་ཀྱིས་ཁོ་ལ་ཟླ་བ་གསུམ་ཐུག་ཁྱིམ་ལ་རང་སྦས་ཏེ་གསོ་ཟིན། ༢༡ རྗེས་མ་(ཞབས་ལས)སྦེད་མ་ཁུགས་པ་རང་ཁྱིམ་གྱི་ཕྱི་ལོགས་ལ་འཇོག་ཟིན། དེ་ནས་མི་སེར་རྒྱལ་པོའི་བུ་མོས་ཀྱིས་ཁོ་ལ་མཇལ་ཟིན་ཏེ་ཁྱེར་ཏེ་མོ་རང་གི་བུ་རང་བཟོས་ཏེ་གསོ་ཟིན། ༢༢ མོ་ཤེས་མི་སེར་རྒྱལ་ཁང་ལ་ཡི་གེ་བསླབས་ཏེ་རིག་པ་འབྱོར་ཟིན། ཁོ་སྐད་ཆ་སྨྲ་ཅེས་ལ་ཡང་། ལས་ཀ་བྱེད་ཅེས་ལ་ཡང་མཁས་འགྲོ་མཁས་འགྲོ་འགྲོ་ཟིན།། 

༢༣ མོ་ཤེ་ལོ་བཞི་བཅུ་༼ཁལ་གཉིས་༽སླེབ་པ་དང་(སླེབ་མཁན་སྒང་ལ་)རང་གི་ཡིས་ར་ཨལ་པའི་ཨ་པོ་འོག་མ་ཡ་ལ་ཐུག་ཅེས་སེམས་བྱེད་ཟིན། ༢༤ དེ་ནས་ཉི་མ་གཅིག་འགྲོ་འགྲོ་བ་དང་(འགྲོ་འགྲོ་བ་སྒང་ལ་)མི་སེར་པ་གཅིག་གིས་ཡིས་ར་ཨལ་པ་གཅིག་ལ་དོན་མེད་སྐམ་པོ་ལ་བརྡུངས་སྡོད་མཁན་མཐོང་ཟིན། དེ་ནས་མོ་ཤེས་སྐྱོན་བྱས་པ་མཐོང་བས་འོ་མི་སེར་པ་ལ་སྐྱིན་པ་བཅལ་ཏེ་གསོད་ཟིན། ༢༥ ཨལ་ལོ་ཧིམ་གྱིས་མོ་ཤེ་ལས་(མོ་ཤེ་ལས་ཀྱི་བྱས་ཏེ་)ཡིས་ར་ཨལ་པ་ཡ་ལ་ཐར་འཇུག་མཁན་སྨྲ་མཁན་གྱི་སྐད་ཆ་ཁོ་རང་གི་མི་ཡ་གིས་ངོ་ཤེས་འོང་སྨྲས་ཏེ་མོ་ཤེས་བསམ་བློ་གཏོང་ཟིན། ཡིན་ནས་འདི་སྐད་ཆ་ཁོང་གིས་ནི་ངོ་མ་ཤེས་ནུག ། 

༢༦ ནངས་པར་དེ་མོ་ཤེས་ཡིས་ར་ཨལ་པ་གཉིས་འཛིང་སྡོད་མཁན་མཐོང་ཟིན། དེ་ནས་ཁོང་མཐུན་འཇུག་ཅེས་སྨྲས་ཏེ་མོ་ཤེས། ཨེ་རོགས་ཡ། ཁྱེད་གཉིས་ཨ་པོ་འོག་མ་ཡིན་ཡང་ཅི་ལས་འདི་ཅོག་འདྲ་རང་ནང་ལ་(འདི་ཅོག་འདྲ་གཅིག་ལ་གཅིག་ལ་)འཁྲུག་པ་རྒྱབ་མཁན། སྨྲས་ཏེ། ༢༧ ཡིན་ནས་རྡུང་མཁན་གྱི་ཡིས་ར་ཨལ་པ་དེ་གིས་མོ་ཤེ་ལ་འཕུལ་ཏེ། སུ་ཞིག་གིས་ཁྱོད་ལ་ངེད་ཀྱི་ཐོག་ལ་རྒྱལ་པོ་བྱེད་མཁན་དང་ཁྲིམས་གཏོང་མཁན་གྱི་མི་བཟོས་ཏེ་བརྫངས་པ། ༢༨ མདང་འོ་མི་སེར་པ་ལ་བསད་པ་ཅོག་འདྲ་ང་ལ་ཡང་གསོད་ཅེས་འཚོལ་མཁན་ནམ། དྲིས་ཏེ། ༢༩ འདི་སྐད་ཆ་ཐོས་ཏེ་མོ་ཤེ་མི་སེར་རྒྱལ་ཁབ་ལས་བྲོས་ཏེ་མིད་ཡྰན་སྨྲ་མཁན་གྱི་ཡུལ་ལ་སྡོད་ཅེས་འཛུགས་ཟིན། འོ་ལ་སྡོད་པ་དང་(སྡོད་མཁན་སྒང་ལ་)ཁོ་དེ་བུ་གཉིས་སྐྱེ་ཟིན།། 

༣༠ མིད་ཡྰན་ཡུལ་ལ་སླེབས་ཏེ་ལོ་བཞི་བཅུ་༼ཁལ་གཉིས་༽འགྲོ་བ་དང་(འགྲོ་མཁན་སྒང་ལ་)མོ་ཤེ་ཉི་མ་གཅིག་སི་ནྰ་སྨྲ་མཁན་གྱི་རི་ཁའི་རི་སྐང་པོ་ལ་(བྱེ་ཐང་ལ་)སླེབ་ཟིན། འོ་ལ་མོ་ཤེས་མེ་འབར་སྡོད་མཁན་གྱི་ཚེར་མའི་ཚལ་གྱི་ནང་ལ་ཨལ་ལོ་ཧིམ་གྱི་ལོན་སྐྱེལ་མཁན་གཅིག་མཐོང་ཟིན། ༣༡ དེ་ནས་ཧ་ལས་ཏེ་(ཧང་སང་སྟེ་)ཡག་པོ་བྱས་ཏེ་ལྟ་འགྲོ་བ་དང་(ལྟ་འགྲོ་མཁན་སྒང་ལ་)ཁོས་ཀྱིས་ཡ་ཝྰེའི་སྐད་ཐོས་ཟིན། ༣༢ ང་ཁྱོད་ཀྱི་མེས་མེས་ཡང་མེས་ཨབ་ར་ཧམ། ཨི་སྰག་དང་ཡ་ཀོབ་ཀྱིས་ཡིད་ཆེད་བྱས་པའི་ཨལ་ལོ་ཧིམ་ཡིན་མཁན། སྨྲས་ཏེ། ཡ་ཝྰེས། དེ་ནས་མོ་ཤེ་འཇིགས་ཏེ་ལྷག་ལྷག་འདར་ཏེ་ལྟ་རང་མ་ཁུགས། (ལྟ་རང་མ་ཁུགས་པ། ལྟ་རང་མ་ཁུགས་སོང་།) ༣༣ དེ་ནས་ཡ་ཝྰེས་ཁོ་ལ། ཁྱོད་ཀྱི་ལྷམ་འབུད་ཏོང་། ཁྱོད་ཀྱིས་རྐང་པ་སྤགས་པའི་ས་ཆ་རྣམ་པར་དག་པ་ཡིན་མཁན། སྨྲས་ཏེ། ༣༤ དེ་ནས་ཁོ་ལ། མི་སེར་རྒྱལ་ཁབ་ལ་ཡོད་པའི་ངའི་མི་ཡ་ལ་གཉའ་གནོན་བྱས་པ་དེ་(ངའི་མི་ཡ་གིས་སྡུག་པོ་མྱངས་པ་)ངས་ཀྱིས་མཐོང་ཡོད། ཁོང་གིས་འབོད་སྒྲ་བཏོན་ཏེ་ངུས་པ་དེ་(ཁོང་སྡུག་པོའི་ངུས་པ་)ངས་ཀྱིས་ཐོས་ཡོད། ཁོང་ལ་ཐར་འཇུག་ཅེས་སྨྲས་ཏེ་ང་འོངས་ཡོད། ད་ནི་ཁྱོད་སོང་། ངས་ཀྱིས་ཁྱོད་ལ་མི་སེར་རྒྱལ་ཁབ་ལ་རྫོང་ཅེས། སྨྲས་ཏེ། ཨ་དོན་གྱིས།། 

༣༥ ཡིས་ར་ཨལ་པ་ཡ་གིས་འདི་མོ་ཤེ་ལ། སུ་ཞིག་གིས་ཁྱོད་ལ་ངེད་ཀྱི་ཐོག་ལ་རྒྱལ་པོ་བྱེད་མཁན་དང་ཁྲིམས་གཏོང་མཁན་གྱི་མི་བཟོས་ཏེ་བརྫངས་པ། སྨྲས་ཏེ་དབྱུགས་འཇོག་ཟིན། ཡིན་ནས་འདི་མོ་ཤེས་ནི་ཁོང་ལ་ཐར་འཇུག་འཇུག  ཁོང་གི་འགོ་པ་འོང་འཇུག་ཅེས་སྨྲས་ཏེ་ཨལ་ལོ་ཧིམ་གྱིས་ལོན་སྐྱེལ་མཁན་གཅིག་བཏང་སྟེ་མེ་འབར་སྡོད་མཁན་གྱི་ཚེར་མའི་ཚལ་གྱི་ནང་ལས་བཀའ་བསྟེར་ཏེ་མོ་ཤེ་ལ་རྫོང་ཟིན། ༣༦ དེ་ནས་མོ་ཤེས་ཡིས་ར་ཨལ་པ་ཡ་ལ་མི་སེར་རྒྱལ་ཁབ་ལས་ཕྱི་ལོགས་ལ་འདོན་ཟིན། ཁོང་མི་སེར་རྒྱལ་ཁབ་ལས་ཐོན་ཏེ་རྒྱ་མཚོ་དམར་པོ་བཅད་དེ་ལོ་བཞི་བཅུ་ཐུག་༼ཁལ་གཉིས་ཐུག་༽རི་སྐམ་པོ་ལ་འགྲུལ་ཏེ་འགྲོ་བ་དང་(འགྲོ་མཁན་སྒང་ལ་)མོ་ཤེས་ལས་ཀ་ཡ་མཚན་ཆེ་བ་མང་མོ་བྱས་ཏེ་(ཧང་སང་ཅེས་ཀྱི་ལས་ཀ་མང་མོ་བྱས་ཏེ་)དང་རྟགས་མང་མོ་སྟོན་ཟིན། ༣༧ འོ་མོ་ཤེས་ནི་ཡིས་ར་ཨལ་པ་ཡ་ལ། ཡ་ཝྰེ་ཁྱེད་ཀྱི་ཨལ་ལོ་ཧིམ་གྱིས་ཁྱེད་རང་གི་ཨ་པོ་འོག་མའི་དཀྱིལ་ལས་(ཨ་པོ་འོག་མའི་བར་དཀྱིལ་ལས་)ང་ཅོག་འདྲ་རང་སྐད་ཆ་ཤོད་མཁན་གཅིག་བཏོན་ཏེ་ཁྱེད་ལ་རྫོང་མཁན། ཁྱེད་ཀྱིས་ཁོ་ལ་ཉན་ཅེས་ནུག  སྨྲས་ཏེ་ཤོད་ཟིན། ༣༨ ཡིས་ར་ཨལ་པ་ཡ་སི་ནྰ་སྨྲ་མཁན་གྱི་རི་ཁའི་རི་སྐམ་པོ་ལ་འཛོམས་ཏེ་བསྡད་པའི་དུས་ཚོད་ལ་འོ་མོ་ཤེས་ནི་ཁོང་མཉམ་པོ་རང་ཡོད་མཁན། ཨལ་ལོ་ཧིམ་གྱི་ལོན་སྐྱེལ་མཁན་སི་ནྰའི་རི་རྩེ་ལ་འོངས་ཏེ་མོ་ཤེ་ལ་སྐད་ཆ་སྨྲས་ཏེ་ཚེ་སྟེར་མཁན་གྱི་སྐད་ཆ་དེ་སྟེར་ཟིན། དེ་ནས་མོ་ཤེ་མར་བབས་ཏེ་འོ་རང་གི་མེས་མེས་ཡང་མེས་ཡ་ལ་འོ་ཚེ་སྟེར་མཁན་གྱི་སྐད་ཆ་དེ་ཤོད་ཟིན། དེ་ནས་མོ་ཤེས་འདི་སྐད་ཆ་བྲིས་བཞག་པ་སོང་བས་འོ་རང་གིས་ཀྱང་ཐོས་མྱོང་ཟིན།། 

༣༩ ཡིན་ནས་འོ་རང་གི་མེས་མེས་ཡང་མེས་ཡ་གིས་འོ་ཚེ་སྟེར་མཁན་གྱི་སྐད་ཆ་ལ་ཉན་རང་མ་ཉན། ད་རུང་མོ་ཤེ་ལ་དགྲ་བྱས་ཏེ་མི་སེར་རྒྱལ་ཁབ་ལ་གཉིས་པར་ལོག་ཅེས་སེམས་བྱེད་ཟིན། ༤༠ དེ་ནས་ཁོང་གིས་མོ་ཤེའི་ཨ་པོ་ཨ་རོན་ལ། ད་ངེད་ལ་ལམ་སྟོན་ཅེས་སྨྲས་ཏེ་(ལམ་སྟོན་ཅེས་ཀྱི་ཆེད་དུ་)ལྷ་ཡ་བཟོས་སློངས། འོ་རང་ལ་མི་སེར་རྒྱལ་ཁབ་ལས་བཏོན་ཏེ་འཁྲིད་མཁན་གྱི་མོ་ཤེ་ལ་ཅི་བྱས་པ་ནི། སྨྲས་ཏེ། ༤༡ འོའི་དུས་ཚོད་ལ་ཁོང་གིས་བ་གླང་བེའུའི་སྐུ་གཅིག་བཟོས་ཏེ་དམར་མཆོད་གཏོང་ཟིན། དེ་ནས་ཁོང་རང་གི་ལག་པས་བཟོས་པའི་སྐུ་ལ་རྩིས་བྱས་ཏེ་ཁམས་བཟང་པོར་བྱེད་ཟིན། (དགའ་མོར་བྱེད་ཟིན།) ༤༢ ཡིན་ནས་ཨལ་ལོ་ཧིམ་གྱིས་ཁོང་ལ་དབྱུགས་འཇོག་ཟིན། གནམ་གྱི་ཉི་མ། ཟླ་དཀར་དང་སྐར་མ་ཡ་ལ་མཆོད་པ་འབུལ་ཅེས་སྨྲས་ཏེ་དབྱུགས་འཇོག་ཟིན། འོ་དེ་གི་སྐོར་ལ་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡ་གིས་བྲིས་པའི་དེབ་ལ་ཡང་བྲིས་བཞག་ཡོད་མཁན། 

ཨེ་ཡིས་ར་ཨལ་པ་ཡ། ༼ཡིས་ར་ཨལ་གྱི་ཁྱིམ་རྒྱུད།༽ ཁྱེད་ཀྱིས་རི་སྐམ་པོ་ལ་ལོ་བཞི་བཅུ་ཐུག་༼ཁལ་གཉིས་ཐུག་༽དུད་འགྲོ་བསད་དེ་ཕུལ་བ་དེ་(དམར་མཆོད་དང་འབུལ་བ་ཡ་ཕུལ་བ་དེ་)ང་ལ་ཕུལ་བ་མིན་པ།། (ངའི་ཆེད་དུ་མིན་པ།།) 

༤༣ ཁྱེད་ཀྱིས་མོ་ལོག་སྨྲ་མཁན་གྱི་ལྷ་སྐུའི་གུར་ཁྱེར་ཏེ་འགྲོ་ཟིན་ནུག ། (དབོར་ཏེ་འགྲོ་ཟིན་ནུག །) 

གཟའ་སྐར་རེམ་ཕྰན་༼སྤེན་པ་༽སྨྲ་མཁན་གྱི་ལྷ་སྐུ་ཞིག་ཁྱེར་ཏེ་འགྲོ་ཟིན་ནུག ། (དབོར་ཏེ་འགྲོ་ཟིན་ནུག །) 

ཁྱེད་རང་གིས་རང་བཟོས་པའི་སྐུ་ཡ་ལ་མཆོད་པ་ཕུལ་ཏེ་སྡོད་ཟིན་ནུག ། 

འོ་སོང་བས་ངས་ཀྱིས་ཁྱེད་ལ་ཉེས་པ་སྟེར་ཅེས་སྨྲས་ཏེ་བྰ་བེལ་ལོན་སྨྲ་མཁན་གྱི་རྒྱལ་སའི་ཕར་ཀན་ཐུག་རྫོང་ཅེས།།

སྨྲས་ཏེ་ཨལ་ལོ་ཧིམ་གྱིས་སྨྲ་འོ་ནུག 

སྨྲས་ཏེ་བྲིས་ཡོད་པ།། 

༤༤ ཡིན་ནས་རི་སྐམ་པོ་ལ་འགྲུལ་ཏེ་འགྲོ་བ་དང་(འགྲུལ་ཏེ་འགྲོ་མཁན་སྒང་ལ་)འོ་རང་གི་མེས་མེས་ཡང་མེས་ཡ་གིས་དཔང་པོའི་གུར་ཡང་ཁྱེར་ཏེ་འགྲོ་ཟིན། ༼འོ་དཔང་པོའི་ཁུར་གྱི་དོན་དག་ཅི་ཡིན་མཁན། ཡ་ཝྰེ་ནི་ཁོང་མཉམ་པོ་ཡོད་མཁན་སྨྲས་ཏེ་འོ་དཔང་པོའི་གུར་གྱིས་སྟོན་མཁན།༽ ཨལ་ལོ་ཧིམ་གྱིས་འོ་དཔང་པོའི་གུར་གཅིག་བཟོས་སྨྲས་ཏེ་མོ་ཤེ་ལ་དཔེ་སྟོན་ཟིན། དེ་ནས་ཁོང་གིས་འོ་དཔང་པོའི་གུར་དེ་ཨལ་ལོ་ཧིམ་གྱིས་བསྟན་པའི་དཔེ་ཅོག་འདྲ་བཟོ་ཟིན། ༤༥ དེ་ནས་ཁོང་འགྲུལ་ཏེ་འགྲོ་བ་དང་(འགྲུལ་ཏེ་འགྲོ་མཁན་སྒང་ལ་)འོ་དཔང་པོའི་གུར་དེ་ཁྱེར་ཏེ་འོང་ཟིན། དེ་ནས་མོ་ཤེའི་ལས་རོགས་ཡེ་ཧོ་ཤུ་བ་ནི་འོ་རང་གི་མེས་མེས་ཡང་མེས་ཡ་གི་འགོ་པ་ཕྱིན་ཏེ་ཡོད་མཁན། དེ་ནས་ཨལ་ལོ་ཧིམ་གྱིས་འདི་ལུང་པ་ལ་སྡོད་མཁན་གྱི་བརྒྱུད་པ་གཞན་པ་ཡ་(ཡ་ཧུ་དྰ་པ་མིན་པའི་བརྒྱུད་པའི་མི་ཡ་)འདོན་པས་ཡེ་ཧོ་ཤུ་བས་རྒྱལ་ཏེ་འདི་ལུང་པའི་ས་ཆ་ལེན་ཁུག་ཟིན། དེ་ནས་རྒྱལ་པོ་ད་བིད་ཀྱི་ཐེངས་ཐུག་འོ་དཔང་པོའི་གུར་དེ་འདི་ལུང་པ་ལ་ལུས་ཟིན། ༤༦ ད་བིད་ལ་ཨལ་ལོ་ཧིམ་གྱི་སྙིང་རྗེ་འབྱོར་ཀོ་ཡོད་མཁན། (ཐོབ་གོ་ཡོད་མཁན།) ཁོས་ཀྱིས་ཡ་ཀོབ་ཀྱི་ཨལ་ལོ་ཧིམ་གྱི་ཆེད་དུ་མཆོད་ཁང་ཡག་པོ་གཅིག་བཟོ་ཅེས་སྨྲས་ཏེ་རེ་བ་ཞུ་ཟིན། ༤༧ ཡིན་ནས་ད་བིད་ཀྱིས་བཟོ་མཁན་སྨྲ་མཁན་གྱི་མཆོད་ཁང་དེ་ད་བིད་ཀྱི་བུ་སོ་ལོ་མོན་གྱིས་བཟོ་ཟིན།།

༤༨ ཡིན་ནས་མཐོ་ཤོས་དེ་མིས་བཟོས་པའི་མཆོད་ཁང་ལ་མི་སྡོད་མཁན། རང་ལས་སྐད་ཆ་ཤོད་མཁན་ལས་(ལས་ཀྱི་བྱས་ཏེ་)ཨལ་ལོ་ཧིམ་གྱིས། 

༤༩ ནམ་མཁའ་ངའི་ཁྲི་ཡིན་མཁན།།

ས་གཞི་ངའི་རྐང་པ་འཇོག་སའི་ས་ཆ་ཡིན་མཁན།། 

ཁྱེད་ཀྱིས་ངའི་ཆེད་དུ་ག་འདྲའི་མཆོད་ཁང་བཟོ་མཁན།།

ངའི་ངལ་འཚོ་མཁན་གྱི་ས་ཆ་ག་ན་ཡང་ཡོད་འགྲོ།། 

༥༠ འདི་འཛམ་བུ་གླིང་གང་པོ་རང་ངས་ཀྱིས་བཟོས་པ་མིན་ནམ།།

དྲིས་ཏེ། ཡ་ཝྰེས།། 

༥༡ ཁྱེད་ནི་ག་འདྲ་ངོ་རྒོལ་ཆེན་མོ་བྱས་ཏེ་སྡོད་མཁན་གྱི་མི་ཡིན་པ། ཁྱེད་ཨལ་ལོ་ཧིམ་ལ་ངོ་མི་ཤེས་མཁན་གྱི་བརྒྱུད་པ་གཞན་པའི་མི་ཅོག་འདྲ་ནུག་པ། ཁྱེད་ཀྱིས་ཨལ་ལོ་ཧིམ་གྱི་བཀའ་ལ་ཉན་རང་མི་ཉན་པས། ཁྱེད་ནི་རང་གི་མེས་མེས་ཡང་མེས་ཡ་ཅོག་འདྲ་རང་ནམ་བྱེད་ན་ཡང་(རྟག་པར་)རྣམ་པར་དག་པའི་ཐུགས་ལ་དད་པ་ལོག་སྟེ་སྡོད་ཀོ་ནུག (ཐུགས་ཀྱི་དགྲ་བྱེད་ཀོ་ནུག) ༥༢ ཁྱེད་ཀྱི་མེས་མེས་ཡང་མེས་ཡ་གིས་སྡུག་པོ་མ་བསྟེར་བའི་སྐད་ཆ་ཤོད་མཁན་ཡ་སུ་ཞིག་ཀྱང་ཡོད་མཁན། སྔན་མ་ལས་(སྔོན་མ་ནས་)སྐྱེས་བུ་རྣམ་དག་དེ་འོང་མཁན་སྨྲ་མཁན་ཡ་ལ་ཡང་ཁོང་གིས་གསོད་ཟིན། དེ་ནས་འོ་འོངས་པའི་རྣམ་དག་དེ་ལ་ཁྱེད་ཀྱིས་མིའི་ལག་པ་ལ་ཆུད་བཅུག་སྟེ་གསོད་ཟིན། ༥༣ ཁྱེད་ལ་ཨལ་གྱི་ལོན་སྐྱེལ་མཁན་ལས་(ལས་ཀྱི་བྱས་ཏེ་)བཀའ་ཁྲིམས་འབྱོར་ཟིན། (ཐོབ་ཟིན།) ཡིན་ནས་ཁྱེད་ཀྱིས་འདི་སྐད་ཆ་ལ་མ་ཉན། (མ་ཉན་པ། མ་ཉན་སོང་།) སྨྲས་ཏེ། སི་ཏེ་ཕྰན་གྱིས།། 

༥༤ སི་ཏེ་ཕྰན་གྱི་སྐད་ཆ་ཐོས་ཏེ་གྲོས་མི་གང་པོ་ཞེ་སྡང་གིས་མིག་རང་མ་མཐོང་། སི་ཏེ་ཕྰན་ལ་བལྟས་ཏེ་སོ་རང་མུར་ཟིན། (ཞེ་སྡང་གིས་དམར་པོ་ཕྱིན་ཏེ་སོ་མུར་ཟིན།) ༥༥ ཡིན་ནས་སི་ཏེ་ཕྰན་ནི་རྣམ་པར་དག་པའི་ཐུགས་ཀྱིས་བཀང་སྟེ་ཡར་གནམ་ལ་བལྟས་ཏེ་ཨལ་ལོ་ཧིམ་གྱི་གཟི་བརྗིད་དང་ཡེ་ཤུ་ལ་ཡང་ཨལ་ལོ་ཧིམ་གྱི་གཡས་པ་ངོས་ཀྱི་ཕྱོགས་ལ་ལངས་ཏེ་བསྡད་པ་མཐོང་ཟིན། ༥༦ དེ་ནས་ཁོས་ཀྱིས། ལྟ་དོང་། ངས་ཀྱིས་ནི་ནམ་མཁའ་ཁ་ཕྱེ་བ་མཐོང་གོ་ནུག  མིའི་བུ་ཨལ་ལོ་ཧིམ་གྱི་གཡས་པ་ངོས་ཀྱི་ཕྱོགས་ལ་ལངས་ཏེ་སྡོད་ཀོ་ནུག  སྨྲས་ཏེ། ༥༧ འོའི་སྒང་ལ་རང་(དེ་ནས་)མི་གང་པོས་སྐད་ཆེན་མོ་བཏོན་ཏེ་རང་རང་གི་རྣ་མཆོག་བཀག་སྟེ་སི་ཏེ་ཕྰན་གྱི་ཐོག་ལ་འཛོམས་ཏེ་ ༥༨ ཁོ་ལ་དྲུད་དེ་རྒྱལ་ས་ལས་ཕྱི་ལོགས་ལ་འདོན་ཟིན། དེ་ནས་དཔང་པོ་བྱེད་མཁན་ཡ་གིས་སི་ཏེ་ཕྰན་ལ་རྡོ་རྒྱབ་ཅེས་འཛུགས་ཟིན། རང་གི་གོས་ཕུད་དེ་ཤ་ཨུལ་སྨྲ་མཁན་གྱི་ཤར་པ་གཅིག་ལ་བཅོལ་ཏེ་ ༥༩ སི་ཏེ་ཕྰན་ལ་རྡོ་བརྒྱབ་པ། རྡོ་རྒྱབ་པ་དང་(རྡོ་རྒྱབ་མཁན་རྒྱབ་མཁན་སྒང་ལ་)སི་ཏེ་ཕྰན་གྱིས་ཡེ་ཤུ་ལ། ངའི་སེམས་ལ་ལེན་དོང་། སྨྲས་ཏེ། ༦༠ དེ་ནས་པུས་མོ་བཙུགས་ཏེ་སྐད་ཆེན་མོ་བཏོན་ཏེ། ཡ་ཝྰེ། འདི་ངོ་ལོག་གི་ཉེས་པ་ཁོང་ལ་མ་འོང་བར་ཤོག  འོ་ཙམ་སྨྲས་ཏེ་སི་ཏེ་ཕྰན་འཆི་ཟིན།། །།

Your encouragement is valuable to us

Your stories help make websites like this possible.