མད་ཐྰ་ལེའུ་བཅུ་པ།

ཉེ་གནས་བཅུ་གཉིས་ལ་༼སྐུ་ཚབ་བཅུ་གཉིས་ལ་༽འདམས་པ།

༡ དེ་ནས་ཡེ་ཤུས་ཀྱིས་རང་གི་ཉེ་གནས་བཅུ་གཉིས་ལ་འཛོམ་བཅུག་སྟེ་ཁོང་ལ་འདྲེ་ཡ་ལ་འདོན་མཁན་(ཕུད་མཁན་)དང་མིའི་ན་བ་ཚ་བ་ཡ་དྲག་འཇུག་མཁན་གྱི་དབང་སྟེར་ཟིན། ༢ འོ་སྐུ་ཚབ་བཅུ་གཉིས་ཀྱི་མིང་འདི་ཡ་རང་ཡིན་པ། གདོང་ཤོས་དེ་པེ་ཏྲོ་མིང་བཞག་པའི་སི་མོན། དེ་ནས་སི་མོན་གྱི་འོག་མ་(ནོ་)ཨན་དྲེ་ཡྰ། ཟེ་བད་ཡྰའི་བུ་གཉིས་ཡ་ཀོ་བོས་དང་ཡུ་ཧ་ནན། ༣ ཕི་ལིབ་དང་བར་ཐོལ་མྰ། ཐོ་མྰ་དང་ཤོ་གམ་སྡུད་མཁན་གྱི་མད་ཐྰ། ཨལ་ཕྰའི་བུ་ཡ་ཀོ་བོས་དང་ཐད་དྰ། མི་དེ་གི་གང་པོའི་མིང་ལད་པྰ་ཐད་དྰ་སྨྲ་མཁན་དེ། ༤ བརྩོན་འགྲུས་པ་སྨྲ་མཁན་གྱི་སི་མོན། དེ་ནས་ཡེ་ཤུ་ལ་འཛིན་འཇུག་མཁན་གྱི་ཀར་ཡོད་པ་ཡུ་དྰ།། 

༥ ཡེ་ཤུས་ཀྱིས་འདི་བཅུ་གཉིས་ལ། བརྒྱུད་པ་གཞན་པའི་མི་ཡ་གི་རྩར་ལ། (མི་ཡ་གི་ས་ལ།) དེ་ནས་ས་མར་ཡྰ་ས་གནས་ཀྱི་ཡུལ་ཆེན་མོ་ཡ་ལ་(རྒྱལ་ས་ཡ་ལ་)མ་འགྲོ། ༦ སྟོར་བའི་ལུག་ཅོག་འདྲ་ཡོད་མཁན་གྱི་ཡིས་ར་ཨལ་པ་ཡ་གི་རྩར་ལ་(ཡིས་ར་ཨལ་པ་ཡ་གི་ས་ལ་)སོང་། ༧ མི་ཡ་ལ། ཨལ་ལོ་ཧིམ་གྱིས་རྒྱལ་པོ་བྱེད་མཁན་གྱི་དུས་ཚོད་སླེབ་ཅེས་བྱེད་ཟིན། ༼ནམ་མཁའི་རྒྱལ་སྲིད་ཀྱི་དུས་ཚོད་སླེབ་ཅེས་བྱེད་ཟིན།༽ སྨྲས་ཏེ་ཁོང་ལ་ཤོད་ཏོང་། ༨ ནད་པ་ཡ་ལ་དྲག་འཇུག་དོང་། ཤི་བའི་མི་ཡ་ལ་གསོན་པོར་ལང་འཇུག་དོང་། མཛེ་ན་ཚ་རྒྱབ་མཁན་གྱི་མི་ཡ་ལ་(མཛེ་པོ་ཡ་ལ་)དྲག་འཇུག་དོང་། དེ་ནས་འདྲེ་ཡ་ལ་འདོན་དོང་། (དེ་ནས་འདྲེ་ཡ་ལ་ཕུད་ཏོང་།) ཁྱེད་ཀྱི་(ཁྱེད་ལ་)འོ་འདྲ་རང་འབྱོར་ཟིན། འོ་འདྲ་རང་སྟེར་ཏོང་། ༩ སྐོར་བ་རྒྱབ་འགྲོ་མཁན་གང་ལ་(སྐོར་བ་རྒྱབ་འགྲོ་བ་དང་)སྐ་རགས་ལ་གསེར། དངུལ། ཟངས་མའི་ཊང་ཀ་(ཟངས་ཊང་ ། དོང་ཙེ་)ཅི་ཡང་མ་འཁྱེར། ༡༠ རྒྱལ་བུ། གྱོན་གོས་གཉིས་དང་ལྷམ་ཡང་(ལ་ཀམ་ཡང་)མ་འཁྱེར། བེར་ཀ་ཡང་མ་འཁྱེར། (མ་འཐོགས།) ཅི་ལས་སྨྲ་ན་ལས་ཀ་བྱེད་མཁན་གྱི་མི་ལ་དགོས་མཁན་གྱི་ཅ་ལག་(བྱད་ལག་)འོ་འདྲ་རང་སྟེར་དགོས་མཁན།།

༡༡ ཡུལ་ཆེན་མོ་དང་ཡུལ་ཆད་མ་ཡ་ལ་(རྒྱལ་ས་དང་ཡུལ་ཡ་ལ་)སླེབ་མཁན་གང་ལ་(སླེབ་པ་དང་)གཤའ་མཁན་གྱི་མི་ལ་༼འོས་པའི་མི་ལ་༽འཚོལ་དོང་། དེ་ནས་འོ་ཡུལ་ལས་ཐོན་ཏེ་མ་ཕྱིན་ཐུག་(ཐོན་ཏེ་མ་ཕྱིན་བར་དུ་)ཁོའི་ཁང་པ་ལ་སྡོད་ཏོང་། ༡༢ འོ་ཁང་པ་ལ་འཇུག་མཁན་གང་ལ། (འོ་ཁང་པ་ལ་འཇུག་པ་དང་།) ཁྱེད་མེ་མེ་ཡ་ལ་བློ་བདེ་པོ་འོང་ཆུག  སྨྲས་ཏེ་སྨྲ་དོང་། ༡༣ འོ་ཁང་པའི་མེ་མེ་ཡ་ལ་ཞི་བདེ་ཐོབ་ཅེས་གཤའ་མཁན་གྱི་མི་ཡིན་ན་(ཡིན་ཟིན་ན་)ཁྱེད་ཀྱི་ཞི་བདེ་འོ་ཁང་པ་ལ་ཐོབ་ཅེས་ཡོད། ཡིན་ནས་མི་གཤའ་མཁན་གྱི་མི་ཡིན་ན་ནི་འོ་ཞི་བདེ་ཁོང་ལ་ཐོབ་ཅེས་མེད། ༡༤ ཁྱེད་སླེབ་མཁན་གྱི་ས་ཆའི་མི་གང་དྲས་ཀྱང་ཁྱེད་ལ་བསུ་བ་མི་བྱེད་ན། (ཁྱེད་ལ་སྣེ་ལེན་མི་བྱེད་ན།) དེ་ནས་སུ་ཞིག་གིས་ཀྱང་ཁྱེད་ཀྱི་སྐད་ཆ་མི་ཉན་ན་ནི་ཁྱེད་ཀྱི་རྐང་པ་ལ་བསྒོས་པའི་ཐལ་བ་ཡང་སྤྲུགས་བཞག་སྟེ་འོ་ས་ཆ་ལས་ཐོན་ཏེ་སོང་། ༡༥ ངས་ཀྱིས་སྨྲ་མཁན་གྱི་སྐད་ཆ་ཉན་ཏེ་ཞོག  (བདེན་པར་ངས་ཀྱིས་ཁྱེད་ལ་སྨྲ་མཁན།) ཁྲིམས་གཏོང་མཁན་གྱི་ཉི་མ་ལ་འོ་སོ་ཆའི་མི་ཡ་ལ་སྨྲས་ཏེ་ནི་(ལས་ནི་)དང་པོའི་ས་དོམ་དང་ག་མོ་རྰ་ཡུལ་ཆེན་མོའི་མི་ཡ་ལ་(རྒྱལ་སའི་མི་ཡ་ལ་)ག་ཉེས་པ་ཉུང་ངེ་ཞིག་འགེལ་ཅེས་ཡོད། (ཁྲིམས་གཏོང་མཁན་གྱི་ཉི་མ་ལ་འོ་ས་ཆའི་མི་ཡ་གི་སྡུག་པོ་སྨྲས་ཏེ་ནི་(ལས་ནི་)ས་དོམ་དང་ག་མོ་རྰ་ཡུལ་ཆེན་མོའི་མི་ཡ་གི་སྡུག་པོ་(རྒྱལ་སའི་མི་ཡ་གི་སྡུག་པོ་)ག་རྣོག་ཁུག་དང་འོང་ཅེས་ཡོད།) སྨྲས་ཏེ་ཡེ་ཤུས་ཀྱི་འོ་བཅུ་གཉིས་ལ་འདི་ཅོག་འདྲ་ཤོད་ཟིན།། 

ཁྲལ་ལ་འབབ་མཁན་གྱི་སྡུག་པོ་ཡ་གི་དོན་དག་ལ།

༡༦ ༼དེ་ནས་གཉིས་པར་(ཡོད་པར་)ཡེ་ཤུས་ཀྱིས།༽ ལྟོས་ཨ། ལུག་ཡ་ལ་སྤྱང་ཀུ་ཡ་གི་བར་དཀྱིལ་ལ་གཏོང་མཁན་ཅོག་འདྲ་ངས་ཀྱིས་ཁྱེད་ལ་༼ཡིས་ར་ཨལ་གྱི་ཁྱིམ་རྒྱུད་དེ་གི་མི་ཡ་གི་བར་དཀྱིལ་ལ་༽གཏོང་མཁན། འོ་སོང་བས་ཁྱེད་སྦྲུལ་ཅོག་འདྲ་གྲིམས་པོ་དང་ཕུག་རོན་ཅོག་འདྲ་སེམས་དྲང་པོ་འོང་དགོས་མཁན། ༡༧ མི་ཡ་གི་ཁོག་པ་ཧ་གོ་སྟེ་(ཤེས་ཏེ་)འཛེམ་པར་བྱེད་ཏོང་། ཁོང་གིས་ཁྱེད་ལ་བཟུང་སྟེ་གྲོས་མི་གང་པོའི་ས་ལ་༼ཡ་ཧུ་དྰ་པའི་ཆེས་མཆོག་གི་ཁྲིམས་ཁང་དང་འཛིན་སྐྱོང་གི་གྲོས་མི་གང་པོའི་ས་ལ་༽འཁྱེར་ཅེས་ཡོད། (སྐྱ་ཅེས་ཡོད།) ཡ་ཧུ་དྰ་པའི་ཚོགས་ཁང་ཡ་ལ་ཁྱེར་ཏེ་(བསྐྱས་ཏེ་)རྡུང་གཏག་སྟེར་ཅེས་ཡོད། ༡༨ ངའི་དོན་དག་གིས་བྱས་ཏེ་ཁྱེད་ལ་བཀའ་བློན་དང་རྒྱལ་པོ་ཡ་གི་གདོང་ལ་(མདུན་ལ་)ལང་འཇུག་ཅེས་ཡོད། འོའི་རྗེས་ལ་ཁྱེད་ཀྱིས་ཁོང་དང་བརྒྱུད་པ་གཞན་པའི་མི་ཡ་ལ་ངའི་དོན་དག་ལ་ཤོད་དགོས་མཁན། ༡༩ ཁྱེད་ལ་བཟུང་སྟེ་འཁྱེར་(སྐྱ་)མཁན་གྱི་དུས་ཚོད་ལ་(ཁྱེད་ལ་བཟུང་སྟེ་སྐྱ་མཁན་གང་ལ་(ཁྱེད་ལ་བཟུང་སྟེ་སྐྱ་བ་དང་))ཅི་སྐད་ཆ་སྨྲ་ཅེས། དེ་ནས་སྐད་ཆ་ག་འདྲ་བྱས་ཏེ་སྨྲ་ཅེས་སྨྲས་ཏེ་སེམས་ཁྲལ་མ་བྱེད། (སྡུག་བསྔལ་མ་བྱེད།) སྨྲ་དགོས་མཁན་གྱི་སྐད་ཆ་ཁྱེད་ལ་འོའི་རྗེས་ལ་རང་འབྱོར་ཅེས་ཡོད། ༢༠ ཁྱེད་ཀྱིས་སྨྲ་མཁན་གྱི་སྐད་ཆ་ཁྱེད་རང་དེ་རང་མིན་པ། ནམ་མཁའི་ཨ་ཕའི་རྣམ་པར་དག་པའི་ཐུགས་ཁྱེད་མཉམ་པོ་བསྡད་དེ་ཁྱེད་ལ་སྐད་ཆ་སྨྲ་འཇུག་ཅེས་ཡོད།།

༢༡ མི་ཡ་གིས་རང་གི་ཨ་པོ་འོག་མ་ཡ་ལ་ཡང་(ཨ་ད་ནོ་ཡ་ལ་ཡང་)གསོད་འཇུག་ཅེས་ཡོད། ཨ་ཕས་རང་གི་བུ་བུ་མོ་ཡ་ལ། བུ་བུ་མོ་ཡ་གིས་རང་གི་ཨ་ཕ་ཨ་མ་ལ་ཡང་གསོད་འཇུག་ཅེས་ཡོད། ༢༢ ངའི་མིང་གིས་བྱས་ཏེ་ཁྱེད་ལ་མི་གང་པོས་རྔན་ཆེན་བྱེད་ཅེས་ཡོད། ཡིན་ནས་མཐའ་མ་ཐུག་(ཡིན་ནས་མཐའ་མའི་མཇུག་ཐུག་ ། ཡིན་ནས་མཐའ་མའི་མཇུག་བར་དུ་)ངའི་ཐོག་ལ་བློ་བཀལ་ཏེ་(ང་ལ་ཡིད་ཆེས་བྱས་ཏེ་)སྡོད་མཁན་དེ་ཐར་ཅེས་ཡོད། ༢༣ ཁོང་གིས་ཁྱེད་ལ་ཡུལ་གཅིག་ལ་སྡུག་པོ་སྟེར་ན་(སྡུག་པོ་སྟེར་ཟིན་ན་)ཡུལ་གཞན་པ་ལ་བྲོས་ཏེ་སོང་། ངས་ཀྱིས་སྨྲ་མཁན་གྱི་སྐད་ཆ་ཉན་ཏེ་ཞོག  མིའི་བུ་འོང་མཁན་སྨྲས་ཏེ་གདོང་ལ་(མིའི་བུ་འོང་མཁན་གྱི་གདོང་ལ་ ། མིའི་བུ་འོང་མཁན་གྱི་སྔོན་ལ་)ཁྱེད་ཀྱིས་ཡིས་ར་ཨལ་གྱི་ལུང་པའི་ཡུལ་ཆེན་མོ་དང་ཡུལ་ཆད་མ་ཡ་ལ་(ཡིས་ར་ཨལ་གྱི་ལུང་པའི་རྒྱལ་ས་ཡ་ལ་)ལས་ཀ་བྱེད་ཟིན་པ་འོང་ཅེས་མེད།།

༢༤ སློབ་མ་རང་གི་སློབ་དཔོན་སྨྲས་ཏེ་ཆེན་པོ་མི་འོང་མཁན། གཡོག་པོ་རང་གི་བདག་པོ་སྨྲས་ཏེ་ཡང་ཆེན་པོ་མི་འགྲོ་མཁན། (སློབ་མ་རང་གི་སློབ་དཔོན་ལས་ཆེ་བ་མི་འོང་མཁན། གཡོག་པོ་རང་གི་བདག་པོ་ལས་ཀྱང་ཆེ་བ་མི་འགྲོ་མཁན།) ༢༥ སློབ་མ་རང་གི་སློབ་དཔོན་ཙམ་པ་རང་། དེ་ནས་གཡོག་པོ་རང་གི་བདག་པོ་ཙམ་པ་རང་འགྲོ་ཁུག་ན་(འགྲོ་ཁུག་ཟིན་ན་)ཁོང་གིས་བློ་བདེ་པོ་བྱེད་འཇུག  མི་ཡ་གིས་ཁང་པའི་བདག་པོ་ལ་ཡང་༼ཡེ་ཤུ་ལ་ཡང་༽བ་ཨལ་ཟེ་བབ་༼དཀོན་མཆོག་༽སྨྲས་ཏེ་འགབ་ལས་ནི་(སྨྲས་སྨྲས་པ་ལ་ནི་)ཁོའི་ཁང་པའི་མེ་མེ་ཡ་ལ་༼ཡེ་ཤུའི་རྗེས་འབྲང་ཡ་ལ་༽ད་རུང་ཅི་སྨྲ་འགྲོ། (འོ་སོང་བས་སློབ་མ་རང་གི་སློབ་དཔོན་ཙམ་པ་རང་། དེ་ནས་གཡོག་པོ་རང་གི་བདག་པོ་ཙམ་པ་རང་ཕྱིན་པའི་དོན་དག་ལ་བློ་བདེ་པོ་བྱེད་འཇུག  གལ་སྲིད་ཁོང་གིས་ཁང་པའི་བདག་པོ་ལ་རང་༼ཡེ་ཤུ་ལ་རང་༽བ་ཨལ་ཟེ་བབ་༼དཀོན་མཆོག་༽སྨྲས་ཏེ་སྨྲ་ན་ནི་ཁོའི་ཁང་པའི་མེ་མེ་ཡ་ལ་ནི་༼ཡེ་ཤུའི་རྗེས་འབྲང་ཡ་ལ་ནི་༽དེ་ནས་ལྷག་པོའི་སྨད་ར་གཏོང་འགྲོ།) སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲ་ཟིན།། (སྨྲས་ཏེ། ཡེ་ཤུས་ཀྱིས།།) 

མི་ཡ་ལ་སྨྲས་ཏེ་(ལས་)ཨལ་ལོ་ཧིམ་ལ་འཇིགས་དགོས་མཁན།

༢༦ ༼དེ་ནས་གཉིས་པར་ཡེ་ཤུས་ཀྱིས།༽ མི་ཡ་ལ་མ་འཇིགས། ད་ལྟ་ངོ་མ་ཤེས་པའི་སྐད་ཆ་གང་པོ་ཉི་མ་གཅིག་ཕྱི་གསལ་ནང་གསལ་བྱས་ཏེ་མཐོང་ཅེས་ཡོད། (ངོ་ཤེས་ཅེས་ཡོད།) ༢༧ ངས་ཀྱིས་ཁྱེད་ལ་ནག་ཁུང་ལ་བཤད་པའི་སྐད་ཆ་ཡ་སྐྱ་སང་ངེ་ལ་གང་པོ་ལ་ཤོད་ཏོང་། ཁྱེད་ལ་འོ་རང་གི་ནང་ལས་བཤད་པའི་སྐད་ཆ་ཡ་ཕྱི་ལ་ཐོན་ཏེ་མི་གང་པོས་ཐོས་མཁན་བྱས་ཏེ་སྒྲ་གསལ་དོང་། (གསལ་བསྒྲགས་བྱེད་ཏོང་།) ༢༨ ཁྱེད་ཀྱི་སེམས་(རྣམ་ཤེས་)མིན་པ། གཟུགས་པོ་གཅིག་ལ་གསོད་ཁུག་མཁན་ཡ་ལ་མ་འཇིགས། སེམས་(རྣམ་ཤེས་)དང་གཟུགས་པོ་གཉིས་ཀ་ལ་དམྱལ་བ་ལ་ཆུད་འཇུག་ཐུབ་མཁན་དེ་ལ་རང་འཇིགས་དོང་། ༢༩ ༼ཡིན་ནས། འདི་སྐད་ཆ་ཡ་དྲན་པ་གསོ་དོང་།༽ བྱིའུ་གཉིས་ཊང་ཀ་གཅིག་ལ་འཚོང་མཁན་མིན་ནམ། ཡིན་ནས་ཨལ་ལོ་ཧིམ་གྱི་སེམས་ལ་མི་སྐྱེ་ན་(མི་སྐྱེ་ཟིན་ན་)བྱིའུ་གཅིག་ཀྱང་ས་ལ་མི་རྡེབ་མཁན། (མི་རྡིབ་མཁན།) ༣༠ ཁྱེད་ཀྱི་མགོའི་སྐྲ་རྐྱང་པ་རེ་རེ་ཡང་ཨལ་ལོ་ཧིམ་གྱིས་གྲངས་རྩིས་བརྒྱབ་སྟེ་ཡོད་པ། ༣༡ འོ་སོང་བས་ཁྱེད་མ་འཇིགས། བྱིའུ་ཡ་ལ་སྨྲས་ཏེ་(བྱིའུ་ཡ་ལ་ལས་)ཨལ་ལོ་ཧིམ་གྱིས་ཁྱེད་ལ་རང་མང་པོ་མཐོང་མཁན་ཡིན་པ།། (བྱིའུ་ཡ་ལས་ལྷག་ཚད་ཁྱེད་རིན་ཐང་ཆེ་བ་ཡིན་པ།།) 

༣༢ མི་ཡ་གི་གདོང་ལ། (མི་ཡ་གི་མདུན་ལ།) ང་ཡེ་ཤུའི་ཉེ་གནས་ཡིན། (ང་ཡེ་ཤུའི་རྗེས་འབྲང་ཡིན།) སྨྲ་མཁན་དེ་ལ་ངས་ཀྱིས་ཀྱང་ནམ་མཁའ་ལ་སྡོད་མཁན་གྱི་ཨ་ཕའི་གདོང་ལ། (ཨ་ཕའི་མདུན་ལ།) ཁོ་ང་དེ་ཡིན། སྨྲས་ཏེ་སྨྲ་ཅེས་ཡོད། ༣༣ ཡིན་ནས་མིའི་གདོང་ལ། (ཡིན་ནས་མིའི་མདུན་ལ།) ངས་ཀྱིས་ཡེ་ཤུ་ལ་ངོ་མི་ཤེས། སྨྲ་མཁན་དེ་ལ་ངས་ཀྱིས་ཀྱང་ནམ་མཁའ་ལ་སྡོད་མཁན་གྱི་ཨ་ཕའི་གདོང་ལ། (ཨ་ཕའི་མདུན་ལ།) ཁོ་ལ་ངོ་མི་ཤེས་མཁན། སྨྲས་ཏེ་སྨྲ་ཅེས་ཡོད།། 

རང་གི་མི་ཡ་ལ་སྨྲས་ཏེ་(རང་གི་མི་ཡ་ལ་ལས་)ཡེ་ཤུ་ལ་སྙིང་བརྩེ་བྱེད་དགོས་མཁན།

༣༤ ༼དེ་ནས་གཉིས་པར་ཡེ་ཤུས་ཀྱིས།༽ ང་འཛམ་བུ་གླིང་ལ་ཞི་བདེ་གཏོང་ཅེས་ལ་(ང་འཛམ་བུ་གླིང་ལ་མི་ཡ་ལ་མཐུན་འཇུག་ཅེས་ལ་)འོངས་པ་ཡིན་སྨྲས་ཏེ་མ་གནས། (མ་སྐྱེ།) མིན་པ། ང་ཞི་བདེ་གཏོང་ཅེས་ལ་(ང་མི་ཡ་ལ་མཐུན་འཇུག་ཅེས་ལ་)འོངས་པ་མིན་པ། འཛིང་འཇུག་ཅེས་ལ་རང་འོངས་པ་ཡིན་པ། ༣༥ བུ་ཨ་ཕ་མཉམ་པོ་འཁྲུག་འཇུག་ཅེས་ལ། བུ་མོ་ཨ་མ་མཉམ་པོ་འཁྲུག་འཇུག་ཅེས་ལ། མནའ་མ་སྒྱུག་མོ་མཉམ་པོ་འཁྲུག་འཇུག་ཅེས་ལ་འོངས་པ་ཡིན་པ། ༣༦ མི་དེ་གི་དགྲ་བྱེད་མཁན་དེ་ནི་རང་གི་ཁང་པ་ལ་རང་འཐོན་ཅེས་ཡོད། ༣༧ ང་ལ་སྨྲས་ཏེ་(ང་ལ་ལས་)རང་གི་ཨ་ཕ་ཨ་མ་ལ་སྙིང་བརྩེ་བྱེད་མཁན། (བྱམས་པ་བྱེད་མཁན།) ང་ལ་སྨྲས་ཏེ་(ང་ལ་ལས་)རང་གི་བུ་བུ་མོ་ལ་སྙིང་བརྩེ་བྱེད་མཁན་དེ་ནི་ངའི་ཉེ་གནས་(ངའི་རྗེས་འབྲང་)འོང་ཅེས་ལ་མི་གཤའ། ༣༨ ག་འདྲ་སྡུག་པོ་རྣོག་དགོས་ན་ཡང་རྣོག་མཁན། འཆི་དགོས་ན་ཡང་འཆི་མཁན་སྨྲས་ཏེ་ངའི་རྗེས་བསྙེགས་ཏེ་(ངའི་རྗེས་འབྲངས་ཏེ་)འོངས་ཏེ་སྡོད་མཁན་གྱི་མི་མིན་པ། མི་གཞན་པ་ནི་ངའི་ཉེ་གནས་(ངའི་རྗེས་འབྲང་)འོང་ཅེས་ལ་མི་གཤའ། ༣༩ རང་གི་ཚེ་སྲི་ཅེས་འཚོལ་མཁན་དེ་གིས་ཚེ་རང་སྟོར་འཇུག་ཅེས་ཡོད། རང་གི་ཚེ་ངའི་དོན་དག་ལ་སྟོར་འཇུག་མཁན་དེ་གིས་ནི་ཚེ་མཐའ་མེད་པ་འབྱོར་ཅེས་ཡོད།། (མཐའ་མེད་པའི་ཚེ་འབྱོར་ཅེས་ཡོད།།) 

ཉེ་གནས་ཡ་གི་(རྗེས་འབྲང་ཡ་གི་)འབྱོར་དགོས་མཁན་གྱི་རྔན་པའི་དོན་དག་ལ། (ཉེ་གནས་ཡ་ལ་(རྗེས་འབྲང་ཡ་ལ་)ཐོབ་དགོས་མཁན་གྱི་རྔན་པའི་དོན་དག་ལ།)

༤༠ ༼དེ་ནས་གཉིས་པར་ཡེ་ཤུས་ཀྱིས།༽ ཁྱེད་ལ་བསུ་བ་བྱེད་མཁན་དེ་གིས་(ཁྱེད་ལ་སྣེ་ལེན་བྱེད་མཁན་དེ་གིས་)ང་ལ་རང་བསུ་བ་བྱས་པ་ཡིན་པ། (ང་ལ་རང་སྣེ་ལེན་བྱས་པ་ཡིན་པ།) དེ་ནས་ང་ལ་བསུ་བ་བྱེད་མཁན་དེ་གིས་ནི་ང་ལ་གཏོང་མཁན་དེ་ལ་ཡང་བསུ་བ་བྱས་པ་ཡིན་པ། ༤༡ ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་གཅིག་ལ། ཁོ་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡིན་སྨྲས་ཏེ་བསུ་བ་བྱེད་མཁན་དེ་ལ་ཨལ་གྱི་སྐད་ཆ་ཤོད་མཁན་ལ་ཅོག་འདྲ་རང་རྔན་པ་འབྱོར་ཅེས་ཡོད། དེ་ནས་ཨལ་ལོ་ཧིམ་གྱི་གདོང་ལ་(མདུན་ལ་)དྲང་པོ་བྱེད་མཁན་དེ་ལ་བསུ་བ་བྱེད་མཁན་གྱི་མི་ལ་ཡང་དྲང་པོ་བྱེད་མཁན་དེ་ལ་ཅོག་འདྲ་རང་རྔན་པ་འབྱོར་ཅེས་ཡོད། ༤༢ ངས་ཀྱིས་སྨྲ་མཁན་གྱི་སྐད་ཆ་ཉན་ཏེ་ཞོག  ཁོ་ངའི་ཉེ་གནས་ཡིན་(ཁོ་ངའི་རྗེས་འབྲང་ཡིན་)སྨྲ་ཟིན་པ་དང་མི་ཆད་མ་ཞིག་ལ་ཆུ་གྲང་མོ་ཞིག་འཐུང་ཅེས་སྟེར་མཁན་དེ་ལ་ཡང་རྔན་པ་འབྱོར་ཅེས་ཡོད། (སུ་ཞིག་གིས་ཀྱང་ཆད་མ་སྨྲས་ཏེ་ཆད་མ་ཡ་ལ་(ཆད་མ་ལས་ཆད་མ་ཡ་ལ་)ངའི་ཉེ་གནས་ཡིན་(ངའི་རྗེས་འབྲང་ཡིན་)སྨྲས་ཏེ་ཆུ་གྲང་མོ་ཕར་བ་གང་གཅིག་རང་སྟེར་ཟིན་ན་ཁོའི་(ཁོ་ལ་)བདེན་པར་རྔན་པ་འབྱོར་ཅེས་ཡོད།) སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲ་ཟིན།། །། (སྨྲས་ཏེ། ཡེ་ཤུས་ཀྱིས།། །།)

Your encouragement is valuable to us

Your stories help make websites like this possible.