མད་ཐྰ་ལེའུ་ཉི་ཤུ་རྩ་ལྔ་པ།

བུད་མེད་ཤར་མ་མི་སྣ་བཅུའི་དཔེ།

༡ ༼དེ་ནས་གཉིས་པར་ཡང་ཡེ་ཤུས་ཀྱིས།༽ འོ་ཙམ་གང་ལ་(འོ་ཙམ་ལ་)ནམ་མཁའི་རྒྱལ་སྲིད་ལ་འཇུག་མཁན་དེ་འདི་ཅོག་འདྲ་འོང་ཅེས་ཡོད། བག་རོགས་སྡོད་མཁན་གྱི་བུད་མེད་ཤར་མ་མི་སྣ་བཅུས། (བུད་མེད་ཤར་མ་བཅུས།) མག་པ་གསར་པས་མནའ་མ་གསར་པ་ལ་ལེན་འོང་མཁན་གང་ལ་(ལེན་འོང་བ་དང་)སྒྲོན་མ་ཁྱེར་ཏེ་ཁ་འདུ་ལ་འགྲོ་མཁན། སྨྲས་ཏེ་ཐོན་ཏེ་འགྲོ་ཟིན་ནུ་ལོ། ༢ འོ་བུད་མེད་བཅུའི་ནང་ལ་བུད་མེད་ལྔ་དེ་རིག་པ་མི་འདུག་ལོ། ལྔ་དེ་རིག་པ་ནུ་ལོ། ༣ རིག་པ་མེད་པའི་བུད་མེད་ལྔ་དེ་གིས་སྒྲོན་མ་ཞིག་རང་འཁྱེར་ཟིན་ནུ་ལོ། ༤ རིག་པ་ཡོད་མཁན་གྱི་བུད་མེད་ལྔ་དེ་གིས་སྒྲོན་མ་ཁྱེར་ཏེ་ཤེལ་བུམ་ལ་སྣུམ་ལྷག་པ་ཡང་འཁྱེར་ཟིན་ནུ་ལོ།།

༥ དེ་ནས་མག་པ་གསར་པ་འོང་ཅེས་ཕྱི་མོ་ཕྱིན་པ་སོང་བས་ཁོང་གཉིད་ཅོག་བརྒྱབ་སྟེ་གཉིད་ལོག་ཟིན་ནུ་ལོ། ༦ དེ་ནས་ནམ་ཕྱེད་ལ་ཕར། (དེ་ནས་ནམ་ཕྱེད་ཙམ་ལ།) མག་པ་འོང་ཅེས་བྱེད་ཀོ་ནུ། ལངས་ཏེ་ཐུག་སོང་ད་ནི། སྨྲས་ཏེ་སྨྲས་པའི་སྐད་ཞིག་ཐོས་ཟིན་ནུ་ལོ། ༧ དེ་ནས་འོ་བུད་མེད་བཅུ་ལམ་སང་ལངས་ཏེ་རང་རང་གི་སྒྲོན་མའི་སྡོང་རས་བསལ་ཏེ་སྦོར་ཟིན། ༨ དེ་ནས་རིག་པ་མེད་པའི་བུད་མེད་ཡ་གིས་རིག་པ་ཡོད་མཁན་གྱི་བུད་མེད་ཡ་ལ། ངེད་ཀྱི་སྒྲོན་མ་འཆི་ཅེས་བྱེད་ཀོ་ནུ། ངེད་ལ་སྣུམ་སུད་པ་ཞིག་སློངས་གནང་། སྨྲས་ཏེ་སྨྲ་ཟིན་ནུ་ལོ། (སྨྲ་འོ་ནུ་ལོ།) ༩ ཡིན་ནས་རིག་པ་ཡོད་མཁན་ཡ་གིས། ཁྱེད་ལ་ཡང་འདང་མཁན་ཐུག་གི་སྣུམ་ནི་ངེད་མཉམ་པོ་མེད། ཁྲོམ་ལ་ཕྱིན་ཏེ་ཉོས་སོང་གནང་། སྨྲས་ཏེ་སྨྲ་ཟིན་ནུ་ལོ། (སྨྲ་འོ་ནུ་ལོ།) ༡༠ དེ་ནས་འོ་རིག་པ་མེད་པའི་བུད་མེད་ལྔ་སྣུམ་ཉོ་འགྲོ་མཁན་གང་ལ་(འགྲོ་བ་དང་)མག་པ་གསར་པ་སླེབ་འོང་ཟིན་ནུ་ལོ། དེ་ནས་གྲ་སྒྲིག་བྱས་ཏེ་བསྡད་པའི་བུད་མེད་ལྔ་མག་པ་མཉམ་པོ་ཕྱིན་ཏེ་བག་མའི་མགྲོན་པོ་ཟ་ཅེས་ལ་ཁང་པའི་ནང་ལ་འཇུག་ཟིན་ལོ། དེ་ནས་ཁང་པའི་སྒོ་རྒྱབ་ཟིན་ཟིན་ནུ་ལོ། ༡༡ ཏོག་ཙམ་ཞིག་གི་འགབ་ལས་(རྗེས་ལ་)རིག་པ་མེད་པའི་བུད་མེད་ལྔ་འཐོན་འོངས་ཏེ། དཔོན་པོ་ལགས། ངེད་ཀྱང་ནང་ལ་འཇུག་ཅེས། སྒོ་ཁ་འབྱེད་ཏོང་། སྨྲས་ཏེ་སྨྲ་ཟིན་ནུ་ལོ། (སྨྲ་འོ་ནུ་ལོ།) ༡༢ ཡིན་ནས་མག་པ་གསར་པས་ཁང་པའི་ནང་ལས། བདེན་པར་ངས་ཁྱེད་ལ་སྨྲ་མཁན། ངས་ཁྱེད་ལ་ངོ་མི་ཤེས། སྨྲས་ཏེ་སྨྲ་ཟིན་ནུ་ལོ།། (སྨྲ་འོ་ནུ་ལོ།།) 

༡༣ ༼དེ་ནས་ཡེ་ཤུས་ཀྱིས་སྐད་ཆ་ཐག་བཅད་དེ།༽ འོ་སོང་བས་ཁྱེད་ཀྲོང་ངེ་བྱས་ཏེ་སྡོད་ཏོང་། མིའི་བུ་ལོག་འོང་མཁན་གྱི་ཉི་མ་དང་ཆུ་ཚོད་ནམ་སླེབ་མཁན་ཡིན་པ་སྨྲས་ཏེ་ཁྱེད་ཀྱིས་རྟག་རྟག་བྱས་ཏེ་ངོ་མི་ཤེས་མཁན། སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲ་ཟིན།། (སྨྲས་ཏེ། ཡེ་ཤུས་ཀྱིས།།) 

གཡོག་པོ་གསུམ།

༡༤ ༼དེ་ནས་གཉིས་པར་ཡང་ཡེ་ཤུས་ཀྱིས།༽ གཉིས་པར། འོ་ཙམ་གང་ལ་འདི་ཅོག་འདྲ་ཡང་འོང་ཅེས་ཡོད། མི་གཅིག་ལུང་པ་ཐག་རིང་པོ་ལ་འགྲོ་མཁན་གང་ལ་(འགྲོ་བ་དང་)ཁོས་རང་གི་གཡོག་པོ་ཡ་ལ་འཛོམ་བཅུག་སྟེ་རང་གི་རྒྱུ་ཁོང་ལ་རྩིས་རྒྱབ་ཟིན་ནུ་ལོ། ༡༥ དེ་ནས་བདག་པོས་གཡོག་པོ་ཡ་གི་གྲིམས་དང་ལ་བལྟས་ཏེ། གཡོག་པོ་གཅིག་ལ་གསེར་ཊང་སྒོར་མོ་ལྔ། (རྡོ་ཚད་ལྔ།) གཅིག་ལ་གསེར་ཊང་སྒོར་མོ་གཉིས། (རྡོ་ཚད་གཉིས།) དེ་ནས་གཅིག་གཞན་པ་དེ་ལ་གསེར་ཊང་སྒོར་མོ་གཅིག་(རྡོ་ཚད་གཅིག་)རྩིས་བརྒྱབ་སྟེ་བདག་པོ་དེ་འགྲོ་ཟིན་ནུ་ལོ། ༡༦ གསེར་ཊང་སྒོར་མོ་ལྔ་རྩིས་བླངས་པའི་གཡོག་པོ་ཤར་རྒྱག་ཕྱིན་ཏེ་ཚོང་བརྒྱབ་སྟེ་བརྒྱབ་སྟེ་གསེར་ཊང་སྒོར་མོ་ལྔའི་ཁེ་བཟང་སྟོན་ཟིན་ནུ་ལོ། ༡༧ འདི་ཅོག་འདྲ་བྱས་ཏེ་གསེར་ཊང་སྒོར་མོ་གཉིས་རྩིས་ལེན་མཁན་གྱི་གཡོག་པོས་གསེར་ཊང་སྒོར་མོ་གཉིས་ཀྱི་ཁེ་བཟང་སྟོན་ཟིན་ནུ་ལོ། ༡༨ གསེར་ཊང་སྒོར་མོ་གཅིག་རྩིས་བླངས་པའི་གཡོག་པོ་དེ་གིས་ནི་ཨི་ཁུང་(ཁུང་དོང་)བརྐོས་ཏེ་སའི་ནང་ལ་སྦས་འཇོག་ཟིན་ནུ་ལོ།།

༡༩ དེ་ནས་ཡུན་རིང་གི་འགབ་ལས་འོ་གཡོག་པོ་ཡ་གི་བདག་པོ་ལོག་འོངས་ཏེ། རྩིས་བརྒྱབ་བཞག་པའི་ཊང་ཀའི་རྩིས་ཁྲ་ལེན་ཅེས་སྨྲས་ཏེ་རང་གི་གཡོག་པོ་ཡ་ལ་འཛོམ་འཇུག་ཟིན་ནུ་ལོ། ༢༠ དེ་ནས་གསེར་ཊང་སྒོར་མོ་ལྔ་རྩིས་ལེན་མཁན་དེ་གིས་གསེར་ཊང་སྒོར་མོ་བཅུ་འཁྱེར་འོངས་ཏེ། བདག་པོ་ལགས། ཁྱོད་ཀྱིས་ང་ལ་གསེར་ཊང་སྒོར་མོ་ལྔ་རྩིས་བརྒྱབ་བཞག་པ། ལྟ་དོང་། ངས་གསེར་ཊང་སྒོར་མོ་གཞན་པ་ལྔ་བཟོ་ཁུག་ཟིན། (ངས་གསེར་ཊང་སྒོར་མོ་གཞན་པ་ལྔའི་ཁེ་བཟང་བསྟན་ཡོད།) ༢༡ དེ་ནས་བདག་པོས། ཁྱོད་ཀྱིས་ཡག་པོ་བྱེད་ཟིན་ནུ། ཁྱོད་བློ་འགེལ་ཁུག་མཁན་གྱི་མི་ནུ་བ། ཁྱོད་ཀྱིས་ནོར་སུད་པ་ཞིག་རྩིས་ལེན་མཁན་གང་ལ་ཡང་(རྩིས་ལེན་པ་དང་ཡང་)བློ་འགེལ་ཁུག་མཁན་གྱི་སྤྱོད་གཤིས་བྱེད་ཟིན་ནུ། འོ་སོང་བས་ངས་ཁྱོད་ལ་ནོར་མང་པོ་རྩིས་རྒྱབ་མཁན། ཤོག  ང་མཉམ་པོ་མགྲོན་པོ་བཟས་ཏེ་དགེ་བ་བྱེད་ཏོང་། སྨྲས་ཏེ་བདག་པོས་སྨྲ་ཟིན་ནུ་ལོ།། (སྨྲ་འོ་ནུ་ལོ། བདག་པོས།།) 

༢༢ དེ་ནས་གསེར་ཊང་སྒོར་མོ་གཉིས་རྩིས་ལེན་མཁན་གྱི་གཡོག་པོ་འོངས་ཏེ། བདག་པོས་ང་ལ་གསེར་ཊང་སྒོར་མོ་གཉིས་རྩིས་བརྒྱབ་བཞག་པ། ལྟ་དོང་། ངས་གསེར་ཊང་སྒོར་མོ་གཞན་པ་གཉིས་བཟོ་ཁུག་ཟིན། (ངས་གསེར་ཊང་སྒོར་མོ་གཞན་པ་གཉིས་ཀྱི་ཁེ་བཟང་བསྟན་ཏེ་བསྐྱས་ཡོད་པ།) སྨྲས་ཏེ་སྨྲ་ཟིན་ནུ་ལོ། (སྨྲ་འོ་ནུ་ལོ།) ༢༣ དེ་ནས་བདག་པོས། ཁྱོད་ཀྱིས་ཡག་པོ་བྱེད་ཟིན་ནུ། ཁྱོད་བློ་འགེལ་ཁུག་མཁན་གྱི་མི་ནུ་བ། ཁྱོད་ཀྱིས་ནོར་སུད་པ་ཞིག་རྩིས་ལེན་མཁན་གང་ལ་ཡང་(ལེན་པ་དང་ཡང་)བློ་འགེལ་ཁུག་མཁན་གྱི་སྤྱོད་གཤིས་བྱེད་ཟིན་ནུ། འོ་སོང་བས་ངས་ཁྱོད་ལ་ནོར་མང་པོ་རྩིས་རྒྱབ་མཁན། ཤོག  ང་མཉམ་པོ་མགྲོན་པོ་བཟས་ཏེ་དགེ་བ་བྱེད་ཏོང་། སྨྲས་ཏེ་བདག་པོས་སྨྲ་ཟིན་ནུ་ལོ།། (སྨྲ་འོ་ནུ་ལོ། བདག་པོས།།) 

༢༤ དེ་ནས་གསེར་ཊང་སྒོར་མོ་གཅིག་རྩིས་ལེན་མཁན་གྱི་གཡོག་པོ་འོངས་ཏེ། གནས་པོ་ལགས། ཁྱོད་ཀྱི་སེམས་སྲ་འདེ་ཡོད་པ་སྨྲས་ཏེ་ང་ལ་རྒྱུས་ཡོད་མཁན། གནས་པོས་ནི་རང་གི་མ་བཙུགས་པའི་འབྲུ་ཡ་སྐྱ་མཁན། མ་བཏབ་པའི་ས་ཆ་ལ་སྡུད་མཁན། ༢༥ འོ་སོང་བས་ང་འཇིགས་ཏེ་གནས་པོའི་གསེར་ཊང་སྒོར་མོ་ཨི་ཁུང་ལ་(ཁུང་དོང་ལ་)བླུགས་ཏེ་སྦས་བཞག་པ། ལེན་དོང་། ཁྱོད་ཀྱི་གསེར་ཊང་སྒོར་མོ། སྨྲས་ཏེ་འོ་གཡོག་པོས་སྨྲ་ཟིན་ནུ་ལོ། (སྨྲ་འོ་ནུ་ལོ། གཡོག་པོས།) ༢༦ འོ་ཙམ་ལ་བདག་པོས་ཁོ་ལ། ཨེ་ཕན་ཐོགས་མེད་པའི་གཡོག་པོ། ཁྱོད་ལེ་ལོ་ནུ། རང་གི་མ་བཙུགས་པའི་འབྲུ་ཡ་སྐྱ་མཁན། རང་གི་མ་བཏབ་པའི་ས་ཆ་ལ་སྡུད་མཁན་སྨྲས་ཏེ་ཁྱོད་ལ་རྒྱུས་ནུ་རང་ནུ་འམ། ༢༧ འོ་ན་ཁྱོད་ཀྱིས་ངའི་རྒྱུའི་ཚོགས་ཁེ་ལ་(སྐྱེད་ཁ་ལ་)གཏོང་དགོས་ཅེས་ཡོད་མཁན། ཚོགས་ཁེ་ལ་བཏང་བ་ཡིན་ན་ནི་ང་ལོག་འོང་མཁན་གང་ལ་(ལོག་འོང་བ་དང་)མ་མཉམ་པོ་ཚོགས་ཁེ་ཡང་འབྱོར་ཅེས་ཡོད་མཁན། ༢༨ ད་ནི་ཁོ་མཉམ་པོ་འོ་གསེར་ཊང་སྒོར་མོ་བླངས་ཏེ་(ཕྲོགས་ཏེ་)འོ་གསེར་ཊང་སྒོར་མོ་བཅུ་ཡོད་མཁན་དེ་ལ་སྟེར་ཏོང་། ༢༩ ཅི་ལས་སྨྲ་ན། ཡོད་མཁན་ལ་ད་རུང་ཡང་འབྱོར་ཅེས་ཡོད། དེ་ནས་ཁོ་མཉམ་པོ་མང་པོ་འོང་ཅེས་ཡོད། ཡིན་ནས་མེད་པའི་མི་ལས་ནི་སུད་པ་ཞིག་ཡོད་མཁན་དེ་ཡང་སྟོར་ཏེ་འགྲོ་ཅེས་ཡོད། ༣༠ ད་ནི་འདི་ཕན་ཐོགས་མེད་པའི་གཡོག་པོ་ཕྱི་ལོགས་ནག་ཁུང་ཡོད་མཁན་གྱི་ས་ཆ་ལ་དབྱུགས་རྫོང་། ཁོ་འོ་ལ་སོ་མུར་ཏེ་མུར་ཏེ་ངུས་ཏེ་སྡོད་འཇུག  སྨྲས་ཏེ་བདག་པོས་སྨྲ་ཟིན་ནུ་ལོ། (སྨྲ་འི་ནུ་ལོ། བདག་པོས།) སྨྲས་ཏེ་ཡེ་ཤུས་ཀྱིས་གཏམ་དཔེ་ཤོད་འཚར་ཟིན།། (སྨྲས་ཏེ་ཡེ་ཤུས་ཀྱིས་གཏམ་དཔེ་ཤོད་ཟིན་ཟིན།།) 

ཁྲིམས་གཏོང་མཁན་གྱི་དོན་དག་ལ།

༣༡ ༼དེ་ནས་གཉིས་པར་ཡང་ཡེ་ཤུས་ཀྱིས།༽ མིའི་བུ་རང་གི་གཟི་བརྗིད་དང་ནམ་མཁའི་རྣམ་པར་དག་པའི་ལོན་སྐྱེལ་མཁན་ཡ་བླངས་ཏེ་འོང་མཁན་གང་ལ་ནི་(འོང་བ་དང་ནི་)ཁོ་རྒྱལ་པོ་ཅོག་འདྲ་བྱས་ཏེ་ཁྲི་ལ་སྡོད་ཅེས་ཡོད། (མིའི་བུ་ནམ་མཁའི་རྣམ་པར་དག་པའི་ལོན་སྐྱེལ་མཁན་གང་པོ་མཉམ་པོ་རང་གི་གཟི་བརྗིད་ལ་འོངས་ཏེ་རང་གི་ཁྲི་ལ་སྡོད་ཅེས་ཡོད།) ༣༢ འོ་དུས་ཚོད་ལ་འཛམ་བུ་གླིང་གི་བརྒྱུད་པའི་མི་གང་པོ་འཛོམས་ཏེ་ཁྲིའི་མདུན་ལ་ལངས་ཏེ་སྡོད་དགོས་ཅེས་ཡོད། དེ་ནས་རྫི་བོས་(ལུག་རྫི་ཞིག་གིས་)ར་དང་ལུག་ཡ་ལ་ཁ་འབྱེད་མཁན་ཅོག་འདྲ་ཁྲིམས་གཏོང་མཁན་གྱི་རྒྱལ་པོས་མི་ཡ་ལ་ཁ་འབྱེད་ཅེས་ཡོད། ༣༣ ཁ་འབྱེད་མཁན་གང་ལ་(ཁ་འབྱེད་པ་དང་)ལུག་ཡ་ལ་རང་གི་གཡས་ངོས་ལ། (གཡས་ཕྱོགས་ལ།) དེ་ནས་ར་ཡ་ལ་རང་གི་གཡོན་པ་ངོས་ལ་(གཡོན་ཕྱོགས་ལ་)ལང་འཇུག་ཅེས་ཡོད། ༣༤ དེ་ནས་རང་གི་གཡས་ངོས་ལ་(གཡས་ཕྱོགས་ལ་)ལངས་ཏེ་བསྡད་པའི་མི་ཡ་ལ་འདི་ཅོག་འདྲ་སྨྲ་ཅེས་ཡོད། (འདི་ཅོག་འདྲ་སྨྲ་ཅེས།) ཤོག  ངའི་ཨ་ཕས་བྱིན་གྱིས་བརླབས་པའི་མི་ཡ། འཛམ་བུ་གླིང་ཆགས་མཁན་ཡིན་འཇུག་རང་(འཛམ་བུ་གླིང་བཀོད་པ་ལས་རང་)ཨ་ཕས་གྲ་སྒྲིག་བྱས་ཏེ་བཞག་པའི་རྒྱལ་སྲིད་ལ་འོངས་ཏེ་བསྡད་ཤོག ༣༥ ཅི་ལས་སྨྲ་ན། ང་ལྟོགས་ཏེ་ཡོད་མཁན་གང་ལ་(ཡོད་པ་དང་)ཁྱེད་ཀྱིས་ང་ལ་ལྟོ་སྟེར་ཟིན། ང་ཁ་བསྐོམས་ཏེ་ཡོད་མཁན་གང་ལ་(ཡོད་པ་དང་)ཁྱེད་ཀྱིས་ང་ལ་བཏུང་སྟེར་ཟིན། ང་འགྲུལ་པ་(ཕྱི་མི་)ཡོད་མཁན་གང་ལ་(ཡོད་པ་དང་)ཁྱེད་ཀྱིས་ང་ལ་སྐད་རྒྱབ་ཟིན། (ང་ལ་སུས་ཀྱང་ངོ་མི་ཤེས་མཁན་ཡོད་མཁན་ཡིན་ན་ཡང་ཁྱེད་ཀྱི་ཁང་པ་ལ་ང་ལ་སྐད་རྒྱབ་ཟིན།) ༣༦ ང་ལ་བཀབ་ཆ་(གྱོན་ཆས་)མེད་པ་ལ་ཁྱེད་ཀྱིས་ང་ལ་བཀབ་ཆ་གྱོན་སྟེར་ཟིན། ང་ན་སྟེ་ཡོད་མཁན་གང་ལ་(ཡོད་པ་དང་)ཁྱེད་ཀྱིས་ང་ལ་ཅག་ག་བྱེད་ཟིན། བཙོན་ཁང་ལ་ཡོད་མཁན་གང་ལ་(ཡོད་པ་དང་)ཁྱེད་ཀྱིས་ང་ལ་ཐུག་འོང་ཟིན། སྨྲས་ཏེ་ཁྲིམས་གཏོང་མཁན་གྱི་རྒྱལ་པོས་སྨྲ་ཅེས་ཡོད། (སྨྲས་ཏེ་ཁྲིམས་གཏོང་མཁན་གྱི་རྒྱལ་པོས་སྨྲ་ཅེས།) 

༣༧ འདི་ཐོས་ཏེ་དྲང་བདེན་པའི་མི་ཡ་གིས། དཔོན་པོ། ནམ་ངེད་ཀྱིས་ཁྱོད་ལ་ལྟོགས་པ་མཐོང་སྟེ་ལྟོ་(བཟའ་)བསྟེར་བ། ནམ་ཁ་བསྐོམས་པ་མཐོང་སྟེ་བཏུང་བསྟེར་བ། ༣༨ ནམ་ངེད་ཀྱིས་ཁྱོད་ལ་འགྲུལ་པ་(ཕྱི་མི་)ཕྱིན་པ་མཐོང་སྟེ་སྐད་བརྒྱབ་པ། ནམ་བཀབ་ཆ་མེད་མཁན་གང་ལ་(མེད་པ་དང་)བཀབ་ཆ་བསྟེར་བ། ༣༩ ནམ་ངེད་ཀྱིས་ཁྱོད་ལ་ན་བ་མཐོང་སྟེ་ཞབས་ཕྱི་ཞུས་པ། (ཅག་ག་བྱས་པ།) ནམ་བཙོན་ཁང་ལ་བསྡད་པ་མཐོང་སྟེ་ཐུག་འོངས་པ། སྨྲས་ཏེ་འདྲི་ཅེས་ཡོད། (སྨྲས་ཏེ་འདྲི་ཅེས།) ༤༠ དེ་ནས་རྒྱལ་པོས། ངས་ཁྱེད་ལ་ཤོད་མཁན། ངའི་འོག་མ་ཆད་མ་སྨྲས་ཏེ་ཡང་ཆད་མ་གཅིག་ལ་(ཆད་མ་ལས་ཀྱང་ཆད་མ་གཅིག་ལ་)ཁྱེད་ཀྱིས་ཅི་ཅི་བྱས་པ། འོ་དེ་ང་ལ་རང་བྱས་པ་ཡིན་པ། སྨྲས་ཏེ་སྨྲ་ཅེས་ཡོད།། (སྨྲས་ཏེ་སྨྲ་ཅེས།།) 

༤༡ དེ་ནས་གཡོན་པ་ངོས་ལ་(གཡོན་ཕྱོགས་ལ་)ལངས་ཏེ་བསྡད་པའི་མི་ཡ་ལ་འདི་ཅོག་འདྲ་སྨྲ་ཅེས་ཡོད། (འདི་ཅོག་འདྲ་སྨྲ་ཅེས།) ཨེ་ཨལ་ལོ་ཧིམ་གྱིས་དམོད་མོ་བཙུགས་པའི་མི་ཡ། (དམོད་མོ་ཟུགས་པའི་མི་ཡ།) འདི་ལས་ཐོན་ཏེ་སོང་། བདུད་དེ་དང་ཁོའི་ལོན་སྐྱེལ་མཁན་ཡ་ལ་གྲ་སྒྲིག་བྱས་བཞག་པའི་ནམ་ཡང་མི་འཆི་མཁན་གྱི་མེ་ལ་སོང་། ༤༢ ཅི་ལས་སྨྲ་ན་ང་ལྟོགས་མཁན་གང་ལ་(ང་ལྟོགས་པ་དང་)ཁྱེད་ཀྱིས་ང་ལ་ལྟོ་མ་བསྟེར། ཁ་སྐོམ་མཁན་གང་ལ་(ཁ་སྐོམ་པ་དང་)ཁྱེད་ཀྱིས་ང་ལ་བཏུང་མ་བསྟེར། ༤༣ ང་འགྲུལ་པ་(ཕྱི་མི་)ཡོད་མཁན་གང་ལ་(ཡོད་པ་དང་)ཁྱེད་ཀྱིས་ང་ལ་སྐད་མ་བརྒྱབ། བཀབ་ཆ་མེད་པ་ལ་ཁྱེད་ཀྱིས་ང་ལ་བཀབ་ཆ་མ་བསྟེར། ང་ན་སྟེ་ཡོད་མཁན་གང་ལ་(ཡོད་པ་དང་)དང་བཙོན་ཁང་ལ་ཆུད་མཁན་གང་ལ་(ཆུད་པ་དང་)ཁྱེད་ཀྱིས་ང་ལ་ཅག་ག་མ་བྱས། སྨྲས་ཏེ་སྨྲ་ཅེས་ཡོད། (སྨྲས་ཏེ་སྨྲ་ཅེས།) 

༤༤ དེ་ནས་ཁོང་གིས་ཀྱང་འདྲི་ཅེས་ཡོད། དཔོན་པོ། ནམ་ངེད་ཀྱིས་ཁྱོད་ལ་ལྟོགས་པ། ཁ་བསྐོམས་པ། འགྲུལ་པ་ཕྱིན་པ། (ཕྱི་མི་ཕྱིན་པ།) ན་བ། བཀབ་ཆ་མེད་པ། བཙོན་ཁང་ལ་ཆུད་པ་མཐོང་སྟེ་རོགས་མ་བྱས་པ། ༤༥ འོ་ཅམ་ལ་ཁྲིམས་གཏོང་མཁན་གྱི་རྒྱལ་པོས། ངས་ཁྱེད་ལ་ཤོད་མཁན། ངའི་འོག་མ་ཆད་མ་སྨྲས་ཏེ་ཡང་ཆད་མ་གཅིག་ལ་(ཆད་མ་ལས་ཀྱང་ཆད་མ་གཅིག་ལ་)ཁྱེད་ཀྱིས་ཅི་ཅི་མ་བྱས་པ། འོ་དེ་ཁྱེད་ཀྱིས་ང་ལ་རང་མ་བྱས་པ་ཡིན་པ། སྨྲས་ཏེ་སྨྲ་ཅེས་ཡོད། (སྨྲས་ཏེ་སྨྲ་ཅེས།) ༤༦ དེ་ནས་ཁོང་ལ་རྒྱུན་དུ་འཁྱེར་དགོས་མཁན་གྱི་ཉེས་པ་འགེལ་ཅེས་ཡོད། ཡིན་ནས་དྲང་བདེན་པའི་མི་ཡ་གིས་ནི་མཐའ་མེད་པའི་ཚེ་འབྱོར་ཅེས་ཡོད། སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲ་ཟིན།། །། (སྨྲས་ཏེ། ཡེ་ཤུས་ཀྱིས།། །།)

Your encouragement is valuable to us

Your stories help make websites like this possible.