1 ཨལ་ལོ་ཧིམ་གྱིས་ནོ་ཨ་དང་ཁོའི་བུ་ཡ་ལ་བྱིན་རླབས་སྟེར་ཟིན། དེ་ནས་ཁོང་ལ། མང་འགྲོ་ཆགས་པར་ཤོག (མང་འགྲོ་འཕེལ་བར་ཤོག) ས་གཞི་ལ་གང་བར་ཤོག (ས་གཞི་ལ་གང་སྟེ་སོང་།) 2 ས་གཞིའི་རི་དྭགས་གང་པོ། གནམ་གྱི་བྱ་བྱིའུ་གང་པོ། ས་ལ་འགྲོ་མཁན་གང་པོ་དང་རྒྱ་མཚོའི་ཉ་གང་པོས་ཁྱེད་ཀྱི་འཇིགས་པ་བྱེད་ཅེས་ནུག (ཁྱེད་ཀྱི་འཇིགས་པ་ཁྱེར་ཏེ་འདར་ཅེས་ནུག) འོ་གང་པོ་ཁྱེད་ཀྱི་དབང་ཆ་ལ་བསྟེར་ཏེ་ཡོད་མཁན། 3 ས་ལ་རྒྱུ་མཁན་གྱི་ལུས་ཅན་གང་པོ་ཁྱེད་ལ་ལྟོའི་ཆེད་དུ་སྟེར་མཁན། ཚོད་མ་ཅོག་འདྲ་རང་ངས་ཀྱིས་འོ་ལུས་ཅན་གང་པོ་ཁྱེད་ལ་ལྟོའི་ཆེད་དུ་བསྟེར་ཡོད་མཁན། 4 ཡིན་ནས་ཁྲག་ཡོད་པའི་ཤ་མ་ཟ། ཅི་ལས་སྨྲ་ན་ཁྲག་ལ་སྲོག་འོང་མཁན། (ཡིན་ནས་ཁྲག་ལ་སྲོག་འོངས་པས་ཁྲག་ཡོད་པའི་ཤ་མ་ཟ།) 5 ཁྱེད་རེ་རེའི་སྲོག་གི་ཁྲག་གི་ལན་ངས་ཀྱིས་ལེན་ཅེས། རི་དྭགས་རེ་རེའི་ལག་པ་ལས་ཁྱེད་རེ་རེའི་སྲོག་གི་ཁྲག་གི་ལན་ངས་ཀྱིས་ལེན་ཅེས། མིའི་ལག་པ་ལས་ཁྱེད་རེ་རེའི་སྲོག་གི་ཁྲག་གི་ལན་ངས་ཀྱིས་ལེན་ཅེས། སྤུན་ཡིན་པའི་མི་རེ་རེའི་ལག་པ་ལས་མིའི་སྲོག་གི་ལན་ངས་ཀྱིས་ལེན་ཅེས་ནུག 6 སུ་ཞིག་གིས་མིའི་ཁྲག་འབོ་ན་འོའི་ཁྲག་ཀྱང་མིས་འབོ་མཁན། ཅི་ལས་སྨྲ་ན་ཨལ་ལོ་ཧིམ་གྱིས་རང་གི་བཟོ་ལྟ་དང་པར་ལ་(རང་གི་གྲིབ་ནག་ལ་)མི་ནི་བཀོད་དེ་ཡོད་མཁན།།
7 དང་ཁྱེད་ནི་མང་འགྲོ་ཆགས་པར་ཤོག ས་གཞི་ལ་གང་བར་ཤོག སྨྲས་ཏེ། ཨལ་ལོ་ཧིམ་གྱིས།།
8 དེ་ནས་ཨལ་ལོ་ཧིམ་གྱིས་ནོ་ཨ་དང་ཁོའི་བུ་ཡ་ལ། 9 ད་ལྟོས། ངས་ཀྱིས་ནི་ཁྱེད་དང་ཁྱེད་ཀྱི་བུ་རྒྱུད་ཡ་མཉམ་པོ། (བརྒྱུད་པ་ཡ་མཉམ་པོ།) 10 ཁྱེད་མཉམ་པོ་ཡོད་པའི་ལུས་ཅན་གང་པོ། བྱ་བྱིའུ། ཁྱིམ་ལ་འཚོ་མཁན་གྱི་དུད་འགྲོ་ཡ་དང་རི་དྭགས་ཡ། གྲུ་གཟིངས་ལས་ཐོན་ཏེ་འོངས་པ་གང་པོ། ས་གཞི་ལ་ལུས་ཅན་གང་པོའི་ཆེད་དུ་ངས་ཀྱིས་ཁ་ཆད་གཅིག་འཇོག་མཁན། 11 ངས་ཀྱིས་ཁྱེད་མཉམ་པོ་འཇོག་མཁན་གྱི་ཁ་ཆད་འདི་ཅོག་འདྲ་ཡིན་མཁན། ད་ནས་(ད་ལས་)ཆུ་ལོག་གི་ཆུ་ཡ་གིས་ལུས་ཅན་གང་པོ་ལ་མེད་པར་མི་གཏོང་མཁན། ས་གཞི་ལ་ཡང་མེད་པར་གཏོང་ཅེས་ལ་(མེད་པར་གཏོང་ཅེས་སྨྲས་ཏེ་)ད་ནས་ཆུ་ལོག་མི་འོང་མཁན། སྨྲས་ཏེ། ཨལ་ལོ་ཧིམ་གྱིས།།
12 དེ་ནས་ཨལ་ལོ་ཧིམ་གྱིས། ངས་ཀྱིས་ཁྱེད་དང་ཁྱེད་མཉམ་པོ་ཡོད་པའི་ལུས་ཅན་གང་པོ། དང་དུས་གང་པོའི་བརྒྱུད་པ་ཡ་མཉམ་པོ་འཇོག་མཁན་གྱི་ཁ་ཆད་ཀྱི་རྟགས་ནི་འདི་རང་ཡིན་མཁན། 13 ངས་ཀྱིས་ང་དེ་འཇའ་ནི་རྨུགས་པ་ལ་འཇོག་མཁན། འདི་ནི་ང་དང་ས་གཞིའི་དཀྱིལ་ལ་འོ་ཁ་ཆད་ཀྱི་རྟགས་གཅིག་འོང་མཁན། 14 ངས་ཀྱིས་ས་གཞིའི་ཁ་ལ་རྨུགས་པ་བྱེད་མཁན་གྱི་དུས་ལ་རྨུགས་པ་ལ་འཇའ་སྣང་མཁན། 15 འོའི་དུས་ཚོད་ལ་ངས་ཀྱིས་ཁྱེད་དང་ལུས་ཅན་གང་པོའི་དཀྱིལ་ལ་བཞག་པའི་ཁ་ཆད་དྲན་པ་གསོ་ཅེས། ད་ནས་ལུས་ཅན་གང་པོ་ལ་མེད་པར་གཏོང་མཁན་གྱི་ཆུ་ཡ་གི་ཆུ་ལོག་མི་འོང་མཁན། 16 རྨུགས་པ་ལ་ཡོད་པའི་འཇའ་ལ་ངས་ཀྱིས་མཐོང་མཁན། དེ་ནས་འོ་དེ་ལ་བལྟས་ཏེ་ཨལ་ལོ་ཧིམ་དང་ས་གཞིའི་ལུས་ཅན་གང་པོའི་དཀྱིལ་ལ་འོ་དུས་གཏན་གྱི་(འོ་ཁ་རྐྱང་གི་)ཁ་ཆད་ངས་ཀྱིས་དྲན་པ་གསོ་ཅེས་ནུག སྨྲས་ཏེ། 17 དེ་ནས་ཨལ་ལོ་ཧིམ་གྱིས་ནོ་ཨ་ལ། ངས་ཀྱིས་ས་གཞིའི་ལུས་ཅན་ཡ་མཉམ་པོ་བཞག་པའི་ཁ་ཆད་ཀྱི་རྟགས་(ཁ་ཆད་བཞག་པའི་རྟགས་)འདི་དེ་རང་ཡིན་མཁན། སྨྲས་ཏེ། ཨལ་ལོ་ཧིམ་གྱིས།།
18 ནོ་ཨའི་བུ་གྲུ་གཟིངས་ལས་ཐོན་ཏེ་འོངས་པ་ཡ་ནི་ཤེམ། ཧྰམ་དང་ཡ་ཕེད་ཡིན་མཁན། ཧྰམ་ནི་ཀ་ན་ཨན་སྨྲ་མཁན་གྱི་ཨ་ཕ་ཡིན་མཁན། 19 འོ་གསུམ་ནི་ནོ་ཨའི་བུ་ཡིན་མཁན། འོ་ཡ་ལས་ས་གཞི་གང་པོ་ལ་འཕེལ་ཟིན།།
20 དེ་ནས་ནོ་ཨས་ཀྱིས་རྒུན་གྱི་ཞིང་འདེབས་མཁན་གྱི་མི་འགོ་བཙུགས་ཏེ་རྒུན་གྱི་ཞིང་ཞིག་བཏབ་སྟེ། 21 རྒུན་འབྲུམ་གྱི་ཆང་འཐུངས་ཏེ་ཆང་གིས་བཟི་སྟེ་གུར་གྱི་ནང་ལ་རྗེན་པར་ཉལ་ཟིན། 22 དེ་ནས་ཀ་ན་ཨན་གྱི་ཨ་ཕ་ཧྰམ་གྱིས་རང་གི་ཨ་ཕ་རྗེན་པར་སྡོད་པ་མཐོང་སྟེ་ཕྱི་ལོགས་ལ་ཡོད་པའི་སྤུན་གཉིས་ལ་འོ་སྐད་ཆ་ཤོད་ཟིན། 23 འོའི་དུས་ཚོད་ལ་ཤེམ་དང་ཡ་ཕེད་གཉིས་ཀྱིས་བཀབ་ཆ་ཞིག་བཟུང་སྟེ་གཉིས་ཀའི་གཉའ་བ་ལ་ཁྱེར་ཏེ་རྒྱབ་ལོག་བྱས་ཏེ་གུར་གྱི་ནང་ལ་འཇུག་ཟིན། དེ་ནས་ཨ་ཕ་ལ་བཀབ་སྟེ་གདོང་པ་མ་བསྟན་པས་རྗེན་པར་བསྡད་པ་མ་མཐོང་། (དེ་ནས་ཨ་ཕ་ལ་བཀབ་ཆ་བཀབ་སྟེར་ཟིན། ཨ་ཕ་རྗེན་པར་སྡོད་པ་མ་མཐོང་འཇུག་སྨྲས་ཏེ་ཁོང་གིས་རང་གི་གདོང་པ་ངོས་གཞན་པ་ལ་ལོག་ཟིན།) 24 དང་ནོ་ཨ་བཟི་བའི་གཉིད་སད་དེ་རང་ལ་བུ་ཆུང་བས་ཅི་བྱས་པ་དེ་ཤེས་ཟིན། (ནོ་ཨ་གཉིད་སད་སད་པ་ལ་(གཉིད་སད་དེ་འགབ་ལས་)བུ་ཆུང་བས་རང་མཉམ་པོ་བྱས་པའི་སྤྱོད་པ་ཁོས་ཀྱིས་རྒྱུས་འབྱོར་ཟིན།) 25 དེ་ནས་ཁོས་ཀྱིས། ཀ་ན་ཨན་ལ་དམོད་མོ་ཟུག་པར་ཤོག (ཀ་ན་ཨན་ལ་དམོད་མོ་ཟུག་ཆུག) ཁོ་རང་གི་ཨ་པོ་འོག་མ་ཡ་གི་དབང་གི་འོག་ལ་གཡོག་པོ་བྱས་ཏེ་སྡོད་དགོས་མཁན། སྨྲས་ཏེ། 26 དང་ཁོས་ཀྱིས། ཡ་ཝྰེ་ཤེམ་གྱི་ཨལ་ལོ་ཧིམ་ལ་བསྟོད་སྒྲ་འབུལ་བར་ཤོག (བསྟོད་སྒྲ་འབུལ་ཆུག) དང་ཀ་ན་ཨན་གྱིས་ཁོའི་གཡོག་པོ་༼ཤེམ་གྱི་བུ་རྒྱུད་ཀྱི་གཡོག་པོ་༽བྱེད་ཅེས་ནུག 27 ཨལ་ལོ་ཧིམ་གྱིས་ཡ་ཕེད་ཀྱི་རིགས་རྒྱུད་དར་ཅེས་ནུག དང་ཤེམ་གྱི་གུར་ཡ་ལ་༼ཤེམ་གྱི་ས་ཆ་ཡ་ལ་༽སྡོད་ཅེས་ནུག དང་ཀ་ན་ཨན་གྱིས་ཁོའི་གཡོག་པོ་༼ཡ་ཕེད་ཀྱི་བུ་རྒྱུད་ཀྱི་གཡོག་པོ་༽བྱེད་ཅེས་ནུག སྨྲས་ཏེ། ནོ་ཨས་ཀྱིས།།
28 ཆུ་ལོག་རྒྱབ་ཟིན་ཟིན་པ་ལ་(རྒྱབ་ཟིན་ཏེ་འགབ་ལས་)ནོ་ཨ་ལོ་སུམ་བརྒྱ་དང་ལྔ་བཅུ་སྡོད་ཟིན། 29 འོ་འདྲ་བྱས་ཏེ་ནོ་ཨའི་གསོན་པོར་བསྡད་པའི་ཚེ་ཚད་ལོ་དགུ་བརྒྱ་དང་ལྔ་བཅུ་ལ་ཕྱིན་ཏེ་འཆི་ཟིན།། །། (ནོ་ཨའི་ལོ་དགུ་བརྒྱ་དང་ལྔ་བཅུ་ལ་སླེབས་པ་ཡོད་མཁན། དེ་ནས་ཁོ་འཆི་ཟིན།། །། ། ནོ་ཨའི་ལོ་དགུ་བརྒྱ་དང་ལྔ་བཅུ་སླེབ་མཁན་སྒང་ལ་འཆི་ཟིན།། །།)